ཧན་ཀྲེང་གིས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལ་མཇལ་འཕྲད་གནང།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ6ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཁུའུ་པོ་ལ་མཇལ་འཕྲད་གནང་།

ཧན་ཀྲེང་གིས་བསྟན་དོན། ད་ལོའི་ཟླ་དང་པོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་སི་ཐ་མོ་གཉིས་ཀྱིས་ཀྲུང་གོ་དང་དབྱིན་ཇིའི་ཕྱོགས་ཡོངས་འཐབ་ཇུས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལེའུ་གསར་པ་རྩོམ་པར་ལྟ་བ་གཅིག་མཐུན་བྱུང་ཞིང་། ཀྲུང་གོ་དང་དབྱིན་ཇིའི་མཛའ་འབྲེལ་ཇེ་བཟང་དང་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་པ་རེད། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་བ་དང་། གོ་སྐབས་གསར་པ་རྒྱུན་ཆད་མེད་པར་སྔོག་འདོན་བྱེད་པ། སྒུལ་ནུས་གསར་པ་གསོ་སྐྱོང་བྱས་ཏེ། མི་གཞུང་བརྗེ་རེས་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཐུན་མོང་སྒོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ཏུ་བསྟར་བ་དང་། ལག་གདང་སྦྲེལ་ནས་འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་སྔར་བས་བརྟན་འཇགས་རང་བཞིན་དང་ངེས་གཏན་རང་བཞིན་མང་པོ་སྩོལ་དགོས།

ཁུའུ་པོ་ཡིས་བསྟན་དོན། དབྱིན་ཇི་དང་ཀྲུང་གོ་གཉིས་ཀར་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་མི་ཐབས་རིག་ནུས། ལྗང་མདོག་འཕེལ་རྒྱས། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་སུ་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་སྦས་ཤུགས་ལྡན། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།  དགེ་མཚན་ལྡན་པའི་གླེང་མོལ་དང་མཉམ་ལས་སྤེལ་ནས་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་འདོད་ཡོད།