ཧན་ཀྲེང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འོས་མིར་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འོས་མི་པ་ཆེ་ལའེ་ཐེ་ལ་མཇལ་འཕྲད་གནང་། ཧན་ཀྲེང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཡོང་བར་བཅངས་པའི་རེ་སྨོན་བཟང་པོ་ཕྲག་ཏུ་འཁུར་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དགོངས་དོན་དང་གཅིག་རྒྱུན་གཅིག་འཛིན་བྱས་ཡོད། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་གི་ནུས་པ་འདོན་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་དེ་བས་ཀྱང་སྐུལ་འདེད་གཏོང་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཛིན་ལྷན་ཚོགས་ཀྱི་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། གཞུང་དྲང་གི་ལངས་ཕྱོགས་མུ་མཐུད་འཛིན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས་ཞེས་བསྟན།

པ་ཆེ་ལེ་ཐི་ཡིས་བསྟན་དོན། ཀྲུང་གོས་ཡུན་རིང་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་སྐུལ་འདེད་ལ་གཞོལ་བར་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་མའི་བསམ་འདུན་དང་དམིགས་ཡུལ་ལ་བརྩི་སྲུང་བྱས་ནས་ཐུན་མོང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་ཆེ་རུ་གཏོང་འདོད་ཡོད་ཟེར།