ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་ལས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལམ་རྒྱུད་ས་ཁུལ་གྱི་གསར་སྤེལ་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ།“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་དང་མཉམ་འདྲེས་ཟབ་མོ་བྱེད་དགོས། ད་ལོའི་ཚུན་ལ། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་ཚད་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་ལ། ནུབ་རྒྱུད་ས་ཁུལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ།“སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས་”ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གང་མགྱོགས་སྒོས་གྲུབ།

ཚེས་གསུམ་གྱི་ཉིན་གྱི་སྔ་དྲོར། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་ལས་གྲྭ་ཕིང་ལུའུ་མིས་བཟོས་གཙང་པོའི་འཛུགས་སྐྲུན་གྱིས་དུས་མཚམས་གལ་ཆེན་ཞིག་བསུས། ཚོད་འཛིན་རང་བཞིན་བཟོ་སྐྲུན་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་ལྟེ་གནས་ཆེན་པོ་གསུམ་ཁྲོད་ཀྱི་མཱ་ཏའོ་ལྟེ་གནས་དང་ཆི་ཧྲི་ལྟེ་གནས་གསུམ་ལ་ཆུ་གསབ་འགོ་ཚུགས་པར་བསྟུན་ནས། ཕིང་ལུའུ་མིས་བཟོས་གཙང་པོའི་ལམ་ཐིག་ཧྲིལ་པོར་ཆུ་ཤར་གཏོང་བྱས་ནས། ཆུ་སྙོམས་སྒྲིག་ཚོད་ལྟ་བྱེད་པའི་དུས་མཚམས་སུ་སླེབས།

ཕིང་ལུའུ་མིས་བཟོས་གཙང་པོ་སྡེ་ཚོགས་ཀོང་ཞི་ཕིང་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་སྤྱིའི་བཟོ་བཀོད་པ་ཕན་ཅན་གྱིས་བཤད་རྒྱུར།  ཟླ8པར་ལམ་ཐིག་ཧྲིལ་པོའི་གྲུ་གཟིངས་དངོས་སུ་ཚོད་ལྟ་བྱས་ནས། ཕིང་ལུའུ་མིས་བཟོས་གཙང་པོ་ད་ལོའི་ཟླ་9པར་དུས་བཀག་ལྟར་འགྲུབ་ནས་མཚོ་གྲུ་ཤར་གཏོང་བྱེད་པར་འགན་ལེན་བྱ་རྒྱུ་རེད།

ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་ལས་གྲྭ་ཡིན་པའི་ཆ་ནས། ཕིང་ལུའུ་མིས་བཟོས་གཙང་པོ་ཤར་གཏོང་བྱས་རྗེས།  ལྷོ་ནུབ་ས་ཁུལ་གྱི་སྐྱེལ་འདྲེན་བར་ཐག་ཆེས་ཐུང་ཤོས་དང་ཆེས་གོང་བདེ། ཆེས་སྟབས་བདེའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་དུ་སྐྱོད་པའི་ཆུ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེན་པོ་འབྱེད་ངེས།

ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་བསྐྲུན་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཞི་ཚུགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཁོང་གིས་བསྟན་དོན།  ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་བསྐྲུན་རྒྱུ་དེ“སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས”ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། ཁོང་གིས་འབྲེལ་ཡོད་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས། “འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ཁག་ཅིག་ལག་བསྟར་བྱས་”ཏེ། “འབྲི་ཆུ་དང་ལྕགས་ལམ། མཚོ་གསུམ་གྱི་མཉམ་འདྲེན་ནུས་པ་དང་རང་འགུལ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས།” “ནུབ་རྒྱུད་དང་སྐམ་སའི་དབུས་ཁུལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་རྒྱལ་ཁོངས་གསར་སྤེལ་དང་ས་ཁུལ་དཔལ་འབྱོར་ཞིབ་འཇུག་ཁང་ཕྱོགས་བསྡུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཅ་རུའོ་ཞང་གིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་འཆར་གཞིས་ནུབ་རྒྱུད་ས་ཁུལ་དེ་སྔོན་ཆད་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐའ་ནས་ད་ལྟའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མདུན་སར་བསྒྱུར་ཏེ། རྒྱ་ཆེ་བའི་ནུབ་རྒྱུད་ས་ཁུལ་དང་རྒྱལ་སྤྱིའི་དཔལ་འབྱོར་དམ་པོར་སྦྲེལ་བ་མ་ཟད། ནུབ་རྒྱུད་ས་ཁུལ་གྱི་བསྡུར་གཞི་ཡོད་པའི་དགེ་མཚན་དེ་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་པར་བསྒྱུར། བགྲོད་ལམ་འདི་ནི་འགྲིམ་འགྲུལ་སྟེང་གི་དངོས་ཟོག་སྐྱེལ་འདྲེན་གྱི་ལམ་ཐིག་ཅིག་ཡིན་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་ཡག་ཤོས་ཤིག་ཀྱང་ཡིན་པས། རང་རྒྱལ་གྱི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་མཉེན་ཆ་དང་བདེ་འཇགས་ལ་ཆེས་ཆེར་ཤུགས་བསྣན།

ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་སྤྱིའི་འཆར་འགོད་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཏེ། བགྲོད་ལམ་གཙོ་བོས་ཁྲུང་ཆིང་དང་ཁྲེང་ཏུའུ་འགོ་འཛུགས་ས་བྱས་ཡོད་ལ། ཤར་དང་དབུས། ནུབ་བཅས་ཀྱི་ལམ་ཐིག་གསུམ་མཉམ་སྐྱོད་བྱས་ནས། ལྷོ་ཕྱོགས་རྒྱ་མཚོར་ཐད་ཀར་འགྲོ་བའི་རྒྱལ་ཁབ་རིམ་པའི་འཐབ་ཇུས་ཀྱི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱ་རྒྱུ་གཏན་ཁེལ་བྱས། ཞིང་ཆེན་དང་པུའུ་རིམ་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་རྐྱེན་སྲོལ་འཛུགས་པ་དང་། ཁུལ་ཁོངས་ལས་བརྒལ་བའི་གནད་དོན་གལ་ཆེན་མཐུན་སྦྱོར་ངང་ཐག་བཅད་དེ། ལས་གྲྭ་གལ་ཆེན་ལག་བསྟར་རྩ་འཛུགས་བྱས། ཕྱིར་གཏོང་ནང་འདྲེན་གྱི་ལས་རིམ་ལེགས་སྒྱུར་དང་། འགག་སྒོ་སྒྲོལ་བའི་དུས་ཚོད་དང་ཕྱོགས་བསྡུས་མ་རྩ་ཉུང་འཕྲི་བྱས་ཏེ། རྒྱལ་སྤྱིའི་ཉོ་ཚོང་དང་ཐོན་ནུས་མཉམ་ལས་རྒྱུན་མ་ཆད་པར་ཟབ་སྤེལ་བྱས།

བརྗིད་ཉམས་ཆེ་བའི་འཆར་གཞི་ནས་རྣམ་པ་གསར་རྐྱང་དུ་འགྱུར་བའི་བར། རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་མུ་མཐུད་དུ་འཐུས་ཚང་དུ་བཏང་།

ཀུའེ་ཀྲོའུ་རུ། བགྲོད་ལམ་གསར་པའི་སྐམ་ལམ་རྐང་འཛིན་ལས་གྲྭ་སྟེ་ཧོང་པའེ་ལྕགས་ལམ་གྱི་ཞུས་ཅ་པའོ་ཡི་ཕུག་ལམ་བདེ་བླག་ངང་མཐུད་སྦྲེལ་བྱས་ལ།  མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་160ཇུས་འགོད་བྱས་ཡོད་པའི་ལྕགས་ལམ་འདིའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་།

ཡུན་ནན་དུ། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་ཡུན་ནན་མཐའ་མཚམས་རྒྱུད་ཀྱི་འབྲེལ་གཏུག་གི་འགག་རྩའི་ལམ་ཐིག་ཡིན་པའི་ཆ་ནས། ཝུན་ཧྲན་ནས་མོང་ཙེ་བར་གྱི་ལྕགས་ལམ་གྱི་ཟམ་པ46ཚང་མ་ལས་འགོ་ཚུགས་ལ། ཡུན་ནན་ཤར་ལྷོའི་འཕར་རྩ་ཆེན་པོ་མགྱོགས་མྱུར་ངང་གྲུབ་བཞིན་ཡོད།

ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཟོང་འགྲུལ་དང་གཉེར་སྐྱོང་རྩ་འཛུགས་ལྟེ་གནས་ཀྱི་ཀྲུའུ་རེན་སུན་ཁོ་ཡིས་བཤད་རྒྱུར། བགྲོད་ལམ་ཆེན་པོས་ཟོང་འགྲུལ་ཆེན་པོ་སྐུལ་ཁྲིད་དང་ཟོང་འགྲུལ་ཆེན་པོས་ཐོན་ལས་ཆེན་པོ་དྲངས། བགྲོད་ལམ་གྱི་མཁྲེགས་ཆས་དྲ་རྒྱ་ཕྱོགས་ཡོངས་ནས་རིམ་སྤོར་བྱེད་བཞིན་ཡོད། དེ་ལས་ཚོང་ཟོག་སྐྱེལ་འདྲེན་སྔར་ལས་མགྱོགས་པ་མཚོན་ལ། ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གོ་ལ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་རར་ཞུགས་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་ཡང་མཚོན།

“བཙན་འབྲེལ་འཕྲིན་གཏོང”ཉིན་རེ་བཞིན་དོན་མཐུན་དུ་གྱུར་པ་མ་ཟད། “མཉེན་སྦྲེལ་འཕྲིན་གཏོང”ཡང་མྱུར་མོར་འཐུས་སྒོ་ཇེ་ཚང་དུ་ཕྱིན། དེ་བཞིན་སྲིད་ཇུས་དང་སྒྲིག་སྲོལ། ཚད་གཞི། གོམས་སྲོལ་དང་ལས་སྟེགས་སོགས་ནུས་ཆེ་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་སྤྱི་དང་རྒྱལ་ནང་གི་ཕྱོགས་སོ་སོ་ཞུགས་པར་བསྔགས་སྐུལ་བྱས་ཏེ་མཉམ་ལས་ཀྱི་གྲོགས་ཚོམས་རྒྱ་སྐྱེད་དེ།  བགྲོད་ལམ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་དགོས། ཁྲུང་ཆིང་གིས་རྒྱལ་ཁོངས་ལས་བརྒལ་བའི་གཞུང་ལམ་གྱི“གཅིག་གྱུར་གྱི་དངོས་ཟོག་ལེན་འཛིན”ཐོག་མ་དེ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཤུག་སྤྲོད་བྱས་ཆོག་པའི་དངོས་ཟོག་འཛིན་ཡིག་གི་སྤྱི་ཆིངས》ནང་བཅུག   བགྲོད་ལམ་བདེ་ཚེ་ཚོང་དོན་དར། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་འཁོར་སྐྱོད་ལམ་ཐིག70ལྷག་ཙམ་ནས200ལྷག་ལ་འཕར་ཏེ། རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་བཅས18ལ་ཁྱབ་འགྱེད་བྱས་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ128ཀྱི་གྲུ་ཁ592ལ་ཁྱབ་ཡོད་པ་རེད། སྐྱེལ་འདྲེན་བྱས་པའི་དངོས་ཟོག་དེ་འཛུགས་སྐྲུན་བྱས་མ་ཐག་པའི་དུས་ཀྱི་སྣ་ཁ80ལྷག་ཙམ་ནས་ད་ཆའི་སྣ་ཁ1300ལྷག་ལ་མང་དུ་ཕྱིན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཕྱིར་གཏོང་ནང་འདྲེན་སྒོར་ཁྲག་ཁྲིག་ལྔ་ཐེར་ཆེན་དྲུག་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་བྱེ་བ་བཞི་ཟིན་པ་དེ་ན་ནིང་གི་དུས་མཉམ་ལས་ལས17%འཕར་ནས། གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ཟིན་ཐོ་གསར་པ་བཏོད།

སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་འགག་སྒོའི་ལྟ་སྐུལ་དོ་དམ་སིའི་སི་ཀྲང་གཞོན་པ་ཏུང་ཧུའེ་ཡིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅིངས་ནས་ང་ཚོས་སྤུས་ཚད་མཐོ་བའི་མཉམ་སྐྲུན་བླང་བྱར་དམ་པོར་དམིགས་ནས། ལྕགས་ལམ་དང་གཞུང་ལམ། ནང་ཁུལ་ཆུ་བོ་དང་རྒྱང་རིང་རྒྱ་མཚོ་སོགས་ཀྱི་རྣམ་པ་མང་བའི་མཉམ་འདྲེན་ལས་སྒོ་ཚོད་ལྟ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་སྟངས་ལེགས་སྒྱུར་དང་། དངོས་ཟོག་སྐྱེལ་འདྲེན་གྱི་བརྒྱུད་རིམ་ལེགས་གཏོང་།  ཕྱོགས་བསྡུས་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་སྔར་བས་དམའ་རུ་གཏང་ནས། ནུབ་རྒྱུད་ས་ཁུལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རོགས་བྱ་དགོས།

ལོ་ལྔའི་འཆར་འགོད་བཅོ་ལྔ་པར་དམ་པོར་འབྲེལ་ནས། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་རི་བོ་དང་རྒྱ་མཚོ་བརྒལ་ནས་བྱང་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་དང་འབྲེལ་ལ། ལྷོ་རུ་དུས་རབས21པའི་མཚོ་ཐོག་དར་གོས་ཚོང་ལམ་དང་སྦྲེལ་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་དང་འབྲེལ་ཡོད་པ་རེད། ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་བ་མྱུར་མོར་གྲུབ་པ་དང་བསྟུན་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་དེ་བས་ལེགས་པའི་ངང་མཉམ་འདྲེས་ཐུབ་པའི་འཐབ་ཇུས་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཕྱོགས་ཡོངས་ནས་བསྐྲུན་བཞིན་ཡོད་པ་རེད།