ཧན་ཀྲེང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
ཁུངས། ཀློག་གྲངས།

ས་དེའི་ཟླ6པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཧྲིན་པིས་ཏི་པའོ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ས་དེའི་ཟླ6པའི་ཚེས5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཧྲིན་པིས་ཏི་པའོ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ཧན་ཀྲེང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཕུའུ་ཅིན་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་། ཧན་ཀྲེང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཁྲོད་བརྟན་པོ་རྒྱུན་འཁྱོངས་ཐུབ་པའི་འགག་རྩ་ནི། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་གྱི་དབུ་ཁྲིད་ཕྱོགས་སྟོན་ལ་རག་ལས་ཡོད། མི་འགྱངས་པའི་སྔོན་ལ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་པེ་ཅིང་དུ་བདེ་བླག་ངང་ཞལ་འཛོམས་གྲོས་མོལ་གནང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་བྱུང་། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སུའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱེད་པ་དང་། རྒྱུན་ཆད་མེད་པར་ཀྲུང་ཨུ་འབྲེལ་བའི་དུས་རབས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཕུའུ་ཅིན་གྱིས་ཧན་ཀྲེང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུ་བཞིན་པ་བརྒྱུད་སྤྲོད་གནང་རོགས་ཞུས། ཕུའུ་ཅིན་གྱིས་ཨུ་ཀྲུང་གི་འབྲེལ་བ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོན་པོར་སླེབས་ཡོད་པ་དང་།  ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་སྟེ།  ཁྱབ་ཁོངས་སོ་སོའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་གཏན་འཁེལ་རང་བཞིན་ཐོག་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་བརྟན་བརླིན་རང་བཞིན་གྱི་བྱས་རྗེས་འཇོག་འདོད་ཡོད་པ་བསྟན།