ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ཁྲིམས་འཛུགས་རྟོག་ཞིབ་བྱས། 
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

མཚོ་ཤར་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་སྲོལ་ཡིག་ལ་ཞིབ་བཤེར་དང་ཆོག་མཆན་འགོད་པའི་བྱ་བ་བཟང་བོར་བསྒྲུབ་ཆེད།  ཉེ་ལམ།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོབ་ཞིབ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་དང་ཕིན་ཨན་ཆུས།   དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་།   ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཁྲིམས་འཛུགས་རྟོག་ཞིབ་བྱས།  

རྟོག་ཞིབ་ཚན་ཆུང་དཔའ་ལུང་རྫོང་ཆུ་འཁོར་ཁུལ་གསར་དང་ཀ་མདོ་གྲོང་རྡལ་ཨ་ཝ་ཐང་སྡེ་བ་སོགས་སུ་སོང་ནས་ཡུལ་དངོས་ལྟ་ཞིབ་དང་ཡུལ་དངོས་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མཚོ་ཤར་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་ཐོན་ཁུངས་དགེ་མཚན་དང་རྨང་གཞིའི་སྒྲིག་ཆས་བཀོད་སྒྲིག   རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།  ཁྲོམ་རའི་ལྟ་སྐུལ་དོ་དམ་ཞབས་ཞུ་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།  གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་། གྲོང་གསེབ་ཡུལ་སྐོར་ལས་སྒྲུབ་པའི་སྲོལ་ཡིག་དེའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། 

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན།   མཚོ་ཤར་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་སྲོལ་ཡིག་གཏན་འབེབས་བྱེད་པ་ནི་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་ཁྲིད་སྟོན་བཟང་བོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས།     གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་སྤེལ་གཏོང་བའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་།   གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གྲོང་གསེབ་ཡུལ་སྐོར་འཆར་འགོད་སྒྲིག་བཟོ་གཏན་འཁེལ་དང་ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ།   མ་དངུལ་དང་འཇོན་མིའི་འགན་སྲུང་སོགས་གནད་འགག་ལས་རིམ་ལ་དམིགས་ཏེ་འབྲེལ་ཡོད་དོན་ཚན་འཐུས་ཚང་དུ་བཏང་ནས་ཁྲིམས་སྲོལ་གྱི་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་དགོས།   རིག་གནས་ནུས་སྩོལ་རྒྱུན་འཁྱོངས་བྱས་ཏེ་མཚོ་ཤར་གྱི་རྨ་ཙོང་རིག་གནས་དང་དམངས་སྲོལ་རིག་གནས།   གཟུགས་འདས་ཤུལ་བཞག་ལག་རྩལ།   མི་རིགས་རིག་གནས་སོགས་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་ནས་གྲོང་གསེབ་ཡུལ་སྐོར་ལ་སྔར་ལས་རྨང་གཞི་ཡོད་པ་དང་ཁྱད་ཆོས་ལྡན་པ།   འགུག་ཤུགས་ཡོད་པར་བྱས་ཏེ་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་རོགས་འདེགས་བྱེད་དགོས།   ཚན་རིག་ཁྲིམས་འཛུགས་དང་དམངས་གཙོ་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱས་ནས་ཚོང་གཉེར་བྱེད་སྒོ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་འཕེལ་རྒྱས་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱས་ཏེ་གྲོང་གསེབ་ཡུལ་སྐོར་པ་དང་ཚོང་གཉེར་པ།   ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་པ་སོགས་ཕྱོགས་སོ་སོའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བཟང་བོ་བྱས་ཏེ། མཚོ་ཤར་གྱི་གྲོང་གསེབ་ཡུལ་སྐོར་གྱི་ཁྱད་ལྡན་ཟོང་རྟགས་བསྐྲུན་པ་དང་ཞིང་ཆེན་ཡོངས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།