ཞི་ཅིན་ཕིང་ཕིང་རང་དུ་འབྱོར་ཏེ་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཆུ་ཚོད12ཀྱི་སྟེང་། ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཕིན་རང་དུ་འབྱོར་ཞིང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ལྕམ་མོ་ལིས་ཞུའེ་ཀྲུའུ་གནམ་ཐང་དུ་བསུ་མ་བྱེད་དུ་ཡོང་ཡོད། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གནམ་གྲུ་ནས་བུད་ཅིང་། གནམ་སྐས་ལས་མར་བབས། ཅིན་ཀྲེང་ཨེན་དང་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་ཕྱག་འཇུ་གནང་། ཁྲའོ་ཞན་གྱི་ལོ་ཆུང་བྱིས་པས་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་ལ་མེ་ཏོག་ཕུལ།

ཚའེ་ཆི་དང་ཝང་དབྱི་སོགས་ཀྱིས་ཕེབས་རོགས་ཞུས།

ཁྲའོ་ཞན་དུ་བཅའ་སྡོད་བྱས་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཡ་ཅུན་ཡང་གནམ་གྲུ་ཐང་དུ་བསུ་མ་བྱེད་དུ་ཡོང་།