ཞི་ཅིན་ཕིང་སྐུ་ཟླ་གཉིས་ཅིན་ཀྲེང་ཨེན་སྐུ་ཟླ་གཉིས་ཀྱིས་བསྡུས་པའི་གཞི་ཁྱོན་ཆུང་བའི་ཉིན་གུང་གསོལ་སྟོན་ལ་ཞུགས།
ཁུངས། ཀློག་གྲངས།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཕེན་རང་ཅིན་ཞིའུ་ཧྲན་ཡིང་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ལྕམ་མོ་ལི་ཞུའེ་ཀྲུའུ་ཡིས་བསྡུས་པའི་གཞི་ཁྱོན་ཆུང་བའི་ཉིན་གུང་གསོལ་སྟོན་ལ་ཞུགས།

      ས་གནས་དེའི་དུས་ཚོད་ཟླ6པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཕེན་རང་ཅིན་ཞིའུ་ཧྲན་ཡིང་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ལྕམ་མོ་ལི་ཞུའེ་ཀྲུའུ་ཡིས་བསྡུས་པའི་གཞི་ཁྱོན་ཆུང་བའི་ཉིན་གུང་གསོལ་སྟོན་ལ་ཞུགས།

 དུས་ཚོད12དང་སྐར་མ30ཡོལ་ཙམ་ལ། ཅིན་ཀྲེང་ཨེན་སྐུ་ཟླ་གཉིས་ཞི་ཅིན་ཕིང་སྐུ་ཟླ་གཉིས་བཞུགས་སའི་ཅིན་ཞིའུ་ཧྲན་ཡིང་མགྲོན་ཁང་དུ་ཕེབས་ནས། ཆར་བ་ཟིམ་ཟིམ་ཁྲོད་དུ། མཉམ་དུ་གློག་གི་རླངས་འཁོར་ལ་བསྡད་དེ་ཅིན་ཞིའུ་ཧྲན་ཡིང་མགྲོན་ཁང་གི་གསོལ་སྟོན་ཁང་དུ་ཕེབས།

   ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དང་རྒྱུན་འཛིན་བྱ་རྒྱུའི་ཐད་བརྗེ་རེས་གཏིང་ཟབ་གནང་།

   ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་གྱིས་དེའི་ཐད་འཚམས་འདྲི་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཐེངས་འདིའི་འཚམས་འདྲི་བརྒྱུད་ང་ཚོས་ཁྲའོ་ཞན་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་བཅངས་པའི་སྤྲོ་སེམས་དང་མཛའ་བརྩེ་དེ་བས་ཚོར་བྱུང་། ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་བར་དུས་རབས་གསར་པའི་ཀྲུང་ཁྲའོ་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་སྐོར་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཕན་ཚུན་བསམ་ཤེས་ཕྱོགས་ཡོངས་ནས་དེ་བས་གཏིང་ཟབ་པ་དང་། མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེ་བས་གསལ་པོ་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་ལྷན་དུ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་ཐུན་མོང་ཐོག་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་གསར་བ་སྣོན་འདོད་ཡོད། 

   ཅིན་ཀྲེང་ཨེན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་བདེ་བླག་ཡིན་པ་དང་།  འཛམ་གླིང་ལ་ཁྲའོ་ཀྲུང་བར་གྱི་མཛའ་བརྩེ་མཉམ་ལས་ལ་སྔར་བས་ཤུགས་སྣོན་པའི་དགེ་མཚན་ལྡན་པའི་ཆ་འཕྲིན་བརྒྱུད་སྤྲོད་བྱས་པར་ཕྱོགས་སོ་སོས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། ཐེངས་འདིའི་འཚམས་འདྲི་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་དེའི་མ་འོངས་པའི་འཕེལ་རྒྱས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ནས།  ཁྲའོ་ཀྲུང་བར་གྱི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།