ཞི་ཅིན་ཕིང་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་བྱེད་པའི་སློབ་གྲྭར་འཚམས་འདྲིར་ཕེབས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 41


ས་གནས་དེའི་དུས་ཚོད་ཟླ6པའི་ཚེས9ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག་ཕིན་རང་དུ་གནས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་བྱེད་པའི་སློབ་གྲྭར་འཚམས་འདྲིར་ཕེབས། འདི་ནི་ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་སློབ་གྲྭའི་སྐས་རིམ་བརྒྱུད་དེ་སློབ་ཁང་དུ་ཕེབས་པའི་རྣམ་པ་རེད། 

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས9ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག་ཕིན་རང་དུ་གནས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་བྱེད་པའི་སློབ་གྲྭར་འཚམས་འདྲིར་ཕེབས།

ཆུ་ཚོད11སྟེང་།  ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་སླེབས་པ་དང་། ཅིན་ཀྲེང་ཨེན་གྱིས་སློབ་གྲྭའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཁྲའོ་ཞན་ངལ་རྩོལ་ཏང་གི་མཚོན་བྱེད་མཆོད་རྟེན་མདུན་དུ་བསུ་མ་བྱས། དགེ་སློབ་བརྒྱ་ཕྲག་ལྷག་གིས་དགའ་བསུ་ཞུས་པ་དང་དགེ་སློབ་འཐུས་མིས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ།

ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག  ཞི་ཅིན་ཕིང་སློབ་གྲྭའི་སྐས་རིམ་བརྒྱུད་དེ་སློབ་ཁང་དུ་ཕེབས། སློབ་ཁང་ནང་གི་སློབ་མ་རྣམས་གྲལ་འགྲིག་པོས་སྡོད་ཅིང་། དགེ་རྒན་གྱིས་ཁྲའོ་ཞན་གྱི་ཕྱི་ཕྱོགས་འབྲེལ་བའི་སློབ་ཚན་ལས་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་སྐོར་གྱི་ནང་དོན་འཁྲིད་བཞིན་ཡོད།  ཀྲུང་གོ་དང་ཁྲའོ་ཞན་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་སྐབས་དགེ་སློབ་ཚོ་མཉམ་དུ་ལངས་ནས་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིར་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱས། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་གྱིས་སློབ་ཁྲིད་ལ་གཟིགས་ཞིབ་གནང་ནས་བསྔགས་བརྗོད་ཡང་ཡང་གནང་།

སློབ་ཁང་ནས་ཕྱིར་བུད་རྗེས། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་གློག་གསོག་རླངས་འཁོར་ལ་བསྡད་ནས་སློབ་གྲྭར་ལྟ་སྐོར་བྱས་པ་དང་ལམ་བར་དུ་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་དང་སློབ་ཁྲིད་བཀོད་སྒྲིག་སོགས་ཀྱི་ངོ་སྤྲོད་ལ་གསན།

སློབ་ཁྲིད་ཐོག་ཁང་བར་གྱི་སྤང་ཐང་དུ་ཕེབས་ནས། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་གྱིས་མཉམ་དུ་ས་སློག་པ་དང་ཆུ་བཏང་སྟེ་གསོམ་སྡོང་བཙུགས་པ་རེད། གསོམ་སྡོང་དུས་བཞིར་སྔོ་ལྗང་ཡིན་པ་དང་། དེས་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུན་སྲུང་བྱས་པ་མཚོན་ཡོད། དེའི་རྗེས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བདེན་དཔང་འོག ཚའེ་ཆི་དང་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གི་ཧྲུའུ་ཅི་ཅིན་ཚའེ་ལུང་གིས་མཉམ་དུ་སྡོང་འཛུགས་མཚོན་རྟགས་རྡོ་རིང་གི་ཡོལ་བ་ཕྱེས། རྡོ་རིང་གི་མདུན་ངོས་སུ་ཀྲུང་གོ་དང་ཁྲའོ་ཞན་སྐད་གཉིས་ཀྱིས“ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་བརྩེ་བསྐལ་བརྒྱར་གནས”ཞེས་པའི་ཡིག་འབྲུ་བརྐོས་ཡོད་ལ། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་གྱིས་སྡོང་འཛུགས་མཚོན་རྟགས་རྡོ་རིང་མདུན་དུ་ཕྱག་འཇུ་གནང་ནས་མཉམ་པར་བསྐྱོན།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོར་ཞུགས།