
ཟླ6པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའུ་དབྱི་སི་ཨ་པོ་ལ་གློག་འཕྲིན་བཏང་ནས། ཁོ་མོས་ཁ་ན་ཏའི་སྤྱི་རྟོག་སོ་གཅིག་པའི་འགན་བཞེས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བའི་སྐྱོན་བྲལ་དངབརྟན་བརླིང་འཕེལ་རྒྱས་དེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་རྒྱུར་ཡང་ཕན་ཐོགས་ཡོད། ངས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྤྱི་རྟོག་པ་ཨ་པོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་ཀྱི་སྙིང་སྟོབས་ཀྱིས་ཀྲུང་གོ་དང་ཁ་ན་ཏའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གསར་པ་སྐྱོན་བྲལ་དང་བརྟན་བརླིང་། རྒྱུན་མཐུད་བཅས་ཀྱི་ལམ་བུ་རུ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།