
ས་དེའི་དུས་ཚོད་ཟླ6པའི་ཚེས6ཉིན་ནས་ཚེས8ཉིན་བར། ཨུ་རུ་སུ་དཀར་པོ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཨུ་རུ་སུ་དཀར་པོར་འཚམས་འདྲི་གནང་ནས། མེན་སི་ཁི་རུ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁི་དང་ཐུག་འཕྲད་གནང་།
ས་དེའི་དུས་ཚོད་ཟླ6པའི་ཚེས6ཉིན་ནས་ཚེས8ཉིན་བར། ཨུ་རུ་སུ་དཀར་པོ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཨུ་རུ་སུ་དཀར་པོར་འཚམས་འདྲི་གནང་ནས། མེན་སི་ཁི་རུ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁི་དང་། ཙུང་ལི་ཐུའུ་ཨར་ཆིན། ཙུང་ལི་གཞོན་པ་དང་པོ་སི་ནུའོ་ཕུའུ་ཁི་ཧྥུའུ་བཅས་སོ་སོར་ཐུག་འཕྲད་གནང་།
ལུའུ་ཁ་ཧྲིན་ཁི་དང་ཐུག་འཕྲད་གནང་སྐབས། ཧན་ཀྲེང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ལུའུ་ཁ་ཧྲིན་ཁི་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཏེ། དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་མཐོན་པོར་སླེབས་པ་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དཀར་པོའི་ཕྱོགས་དང་གཙོ་འཛིན་གྱི་འབྲེལ་བའི་སྣེ་ཁྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་རྒྱབ་སྐྱོར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་དམངས་འདོད་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མུ་མཐུད་ཇེ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ལུའུ་ཁ་ཧྲིན་ཁི་ཡིས་ཧན་ཀྲེང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞུས། ལུའུ་ཁ་ཧྲིན་ཁི་ཡིས་བསྟན་དོན། ཨུ་རུ་སུ་དཀར་པོ་ནི་ཀྲུང་གོའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོ་དང་ནམ་ཡང་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་ཡིན། ཨུ་རུ་སུ་དཀར་པོ་ཕྱོགས་ཀྱིས་སྔར་བཞིན་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཟབ་མོ་བྱེད་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པ། མི་དམངས་ཀྱི་མཛའ་མཐུན་རྒྱུན་འཛིན་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་བཞིན་ཡོད།
ཐུའུ་ཨར་ཆིན་ལ་ཐུག་འཕྲད་གནང་སྐབས། ཧན་ཀྲེང་གིས་བསྟན་དོན། ཀྲུང་ཕྱོགས་ཀྱི་ཨུ་རུ་སུ་དཀར་པོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་ཨུ་རུ་སུ་དཀར་པོར་མཉམ་ལས་ཟབ་མོ་བྱེད་པའི་ཆོད་སེམས་བརྟན་པོ་ཡོད། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་སྣེ་ཁྲིད་བྱས་ཏེ། མཉམ་ལས་ཀྱི་ཁྱད་ཆོས་གསར་བ་རྒྱུུན་མི་ཆད་པར་བསྐྲུན་དགོས་ལ། འཛམ་གླིང་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ནས། འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་ངེས་བརྟན་རང་བཞིན་ཆེན་པོ་སྣོན་དགོས།
ཐུའུ་ཨར་ཆིན་གྱིས་བསྟན་དོན། ཨུ་རུ་སུ་དཀར་པོ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱ་ཆེད་འཛུགས་བསྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་བྱེད་པ་དང་རྒྱལ་སྤྱིའི་ལས་དོན་རོགས་སྒྲུབ་དམ་ཟབ་ཏུ་བཏང་ནས། ཨུ་རུ་སུ་དཀར་པོ་དང་ཀྲུང་གོའི་བར་གྱི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།
སི་ནུ་ཕུའུ་ཁོ་ཧྥུའུ་དང་མཇལ་འཕྲལ་གནང་སྐབས་ཧན་ཀྲེང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དཀར་པོ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཆུ་ཚད་སྔར་ལས་མཐོ་བ་དང་སྔར་བས་མཉེན་གཤིས་ལྡན་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་མཉམ་རྒྱལ་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་ཟམ་མི་ཆད་པར་གཏོད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད།
སི་ནུ་ཕུའུ་ཁོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སུ་དཀར་པོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཐོན་ལས་དང་བཟོ་ལས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད།
འཚམས་འདྲིའི་སྐབས་སུ། ཧན་ཀྲེང་སི་ནུའོ་ཕུའུ་ཁོ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོ། “ཁྲོམ་ར་ཆེན་མོ་མཉམ་སྤྱོད་དང་ཀྲུང་གོའི་ཕྱིར་གཏོང་”ཞེས་པའི་ཨུ་རུ་སུ་དཀར་པོའི་ཆེད་དོན་བྱེད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཧན་ཀྲེང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སུ་དཀར་པོ་ཕྱོགས་དང་ལྷག་བསམ་ཟོལ་མེད་ཀྱི་སྤྱོད་ཚུལ་འཛིན་པ་དང་ཡིད་ཆེས་ཀྱིས་ཕན་ཚུན་འབྲེལ་བ་བྱས་ཏེ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་ཉོ་ཚོང་འཕར་བའི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཐོན་ལས་དངུལ་གཏོང་གི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་འདོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ནས། ཨུ་རུ་སུ་དཀར་པོ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་སྔར་ལས་རྒྱ་ཆེ་བའི་ཁྲོམ་རའི་བར་སྟོང་དང་འཕེལ་རྒྱས་གོ་སྐབས་མཁོ་འདོན་བྱ་ངེས། ཀྲུང་གོ་དང་ཨུ་རུ་སུ་དཀར་པོ་རྒྱལ་ཁབ་གཉིས་ཀྱི་སྲིད་ཚོང་ལས་རིགས་ཀྱི་འཐུས་མི་ཆིག་སྟོང་ལ་ཉེ་བ་གོང་གསལ་བྱེད་སྒོ་གཉིས་ལ་ཞུགས་ཤིང་། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་ཡུལ་དངོས་སུ་ཚོང་དོན་གྲོས་མོལ་བྱས་ཏེ། མཉམ་ལས་འདོད་མཐུན་གྱི་ལས་གཞི་མང་པོར་གན་རྒྱ་བཞག
ཧན་ཀྲེང་གིས་ད་དུང་རྒྱལ་ཁའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་ཨུ་རུ་སུ་དཀར་པོའི་ཞིང་ལས་འགྲེམས་སྟོན་ལ་རྟོག་ཞིབ་གནང་།