ས་གནས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞའེ་ཀྲུའུ་ཡི་ཕེབས་རོགས་འོག ཕེན་རང་ལུས་རྩལ་ཁང་དུ་ཁྲའོ་ཞན་གྱི་ལས་རིགས་ཁག་གི་མང་ཚོགས་དང་མཉམ་དུ་རིག་རྩལ་འཁྲབ་སྟོན་ལ་གཟིགས།

དགོང་མོའི་དུས་ཚོད21སྟེང་། ཞི་ཅིན་ཕིང་སྐུ་ཟླ་གཉིས་ཅིན་ཀྲེང་ཨེན་སྐུ་ཟླ་གཉིས་དང་མཉམ་དུ་ལུས་རྩལ་ཁང་གི་ཀྲུའུ་ཞིའི་སྟེགས་བུ་རུ་བཞུགས། ཚོགས་ར་ཡོངས་ཀྱི་ལྟད་མོ་བ་དང་འཁྲབ་སྟོན་པ་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱིས་བསུ་མ་དང་གུས་འདུད་ཞུས།
འཁྲབ་སྟོན་དེར་སྤྲོ་སེམས་རབ་ཏུ་འཁོལ་བ་དང་བརྗིད་ཉམས་ཀྱི་རྣམ་པས་ཁེངས་ཤིང་། ཀྲུང་གོ་དང་ཁྲའོ་ཞན་མི་དམངས་བར་གྱི་མཛའ་བརྩེ་ཡིས་ཁེངས་ཡོད། 《ང་དང་ངའི་མེས་རྒྱལ》དང《བ་སྤྲུའི་མེ་ཏོག》《དར་དམར་ལྷབ་ལྷུབ་ཏུ་གཡོ》སོགས་སྙན་འཇེབས་ལྡན་པའི་གླུ་གཞས་ཀྱིས་ཚོགས་ར་ཡོངས་ལ་ཚུར་སྣང་དྲག་པོ་བྱུང་དུ་བཅུག་པ་མ་ཟད་ཡུལ་དངོས་ཐལ་མོའི་རྡེབ་སྒྲས་ཁེངས་སུ་བཅུག འཁྲབ་སྟོན་པ་ཚོས་གླུ་གཞས་དང་ཞབས་བྲོ། རྩལ་རྩེད་སོགས་ཀྱི་རྣམ་པས་ཞི་ཅིན་ཕིང་གིས་ལོ་བདུན་འགོར་རྗེས་སླར་ཡང་ཁྲའོ་ཞན་ལ་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་ཚུལ་དང་། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ཟོལ་མེད་བརྩེ་སེམས་མཚོན་པར་བྱས།
《ཁྲའོ་ཀྲུང་མཛའ་འབྲེལ་གྱི་ལོ་རྒྱུས་ཡུན་རིང》ཞེས་པའི་གླུ་གཞས་ཁྲོད་འཁྲབ་སྟོན་མཇུག་སྒྲིལ། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་གྱིས་འཁྲབ་སྟོན་པ་ཚོའི་ངོ་མཚར་འཁྲབ་སྟོན་ལ་དགའ་བསུ་ཡང་ཡང་ཞུས། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་འཐུས་མིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་སྐུ་ཟླའི་མིང་ཐོག་ནས་འཁྲབ་སྟོན་པར་མེ་ཏོག་ཕུལ་ཏེ། འཁྲབ་སྟོན་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས།
ཚའེ་ཆི་དང་ཝང་དབྱི་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས།