《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུའི་ཧྲུའུ་ཅི་བྱེད་དགོས》ཞེས་པ་བཀོད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

 ཟླ7པའི་ཚེས1ཉིན་པར་སྐྲུན་བྱས་པའིབདེན་འཚོལ》དུས་དེབ་འདོན་ཐེངས་བཅུ13པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུའི་ཧྲུའུ་ཅི་བྱེད་དགོས》ཞེས་པ་བསྐྱར་དུ་བཀོད་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2015ལོའི་ཟླ1པོའི་ཚེས12ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུའི་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་རེད།

 རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རང་རེའི་ཏང་གི་རྩ་འཛུགས་གྲུབ་ཆ་དང་རྒྱལ་ཁབ་ཀྱི་སྲིད་དབང་གྲུབ་ཆའི་ནང་། རྫོང་རིམ་པ་ནི་གོང་འོག་མཐུད་འདྲེན་གྱི་འགག་རྩའི་ལྷུ་ཚིགས་སུ་གནས་ཡོད་པས། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་འགན་སྲུང་།  བརྟན་ལྷིང་སྲུང་སྐྱོང་། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་རྨང་གཞི་གལ་ཆེན་ཡིན། རྫོང་ཨུ་ནི་ང་ཚོའི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི“འཐབ་ས་དང་པོའི་བཀོད་འདོམས་པུའུ”ཡིན་པ་དང་། རྫོང་ཨུའི་ཧྲུའུ་ཅི་ནི“ལས་ཡུལ་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”ཡིན། བློ་མཐུན་ཅའོ་ཡུས་ལུའུ་ཡིས་རྫོང་ཨུའི་ཧྲུའུ་ཅིར་མིག་དཔེ་བསྟན་པ་དང་། རྫོང་ཨུའི་ཧྲུའུ་ཅི་ཞིག་ཡིན་ན་ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུའི་ཧྲུའུ་ཅི་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན།  རྫོང་ཨུའི་ཧྲུའུ་ཅི་ཡག་པོ་ཞིག་བྱེད་ན་སེམས་སུ་ངེས་པར་དུ་ཏང་ཡོད་དགོས་ལ།  ཏང་ལ་བློ་དཀར་རྒྱུ་ནི་རྫོང་ཨུའི་ཧྲུའུ་ཅིའི་ཚད་གཞི་གལ་ཆེན་ཞིག་ཡིན། ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་སྲུང་།  ཏང་གི་འགོ་ཁྲིད་རང་རྟོགས་ཀྱིས་མཐའ་འཁྱོངས་བྱས་ནས། རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱེད་དགོས། ངེས་པར་དུ་སེམས་སུ་མི་དམངས་ཡོད་དགོས། རྫོང་ཨུའི་ཧྲུའུ་ཅི་ནི་གཞི་རིམ་མང་ཚོགས་ལ་ཐད་ཀར་ཁ་གཏད་པའི་འགོ་ཁྲིད་ལས་བྱེད་པ་ཡིན་པས། ངེས་པར་དུ་སེམས་ལ་མང་ཚོགས་འཆང་བ་དང་། དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཤིང་།  ལས་སྒྲུབ་ལས་བསྐྲུན་བྱེད་པར་ངེས་པར་དུ་སྲིད་འབྲས་ལྟ་བ་ཡང་དག་ཆགས་དགོས་ལ། མི་དམངས་ཀྱིས་ཆེས་དོ་ཁུར་བྱེད་ས་དང་མི་དམངས་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ངེས་པར་དུ་སེམས་སུ་འགན་འཁྲི་ཡོད་དགོས་ལ། སྤོབས་པ་ཆེར་སྐྱེད་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ལས་འགན་ལེགས་པར་བསྒྲུབས་ཏེ་ས་གནས་ལ་བདེ་སྐྱིད་བསྐྲུན་དགོས།  ངེས་པར་དུ་སྒྲིག་ཁྲིམས་སྲུང་བ་དང་། དབང་ཆ་སྤྱོད་མཁས་བྱས་ནས་སྣེ་ཁྲིད་དེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱ་དགོས།  ཁྲིམས་སྦྱོང་ཁྲིམས་བརྩི་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རང་ཉིད་ལ་བླང་བྱ་ནན་མོ་འདོན་པ་དང་། མི་གཞི་གཙང་མ་ཞིག་བྱེད་པ། བྱ་བ་ནན་ཏན་གྱིས་སྒྲུབ་པ། བློ་དཀར་བག་ཕེབས་ཀྱི་འགོ་ཁྲིད་དགའ་ཞིག་བྱེད་དགོས།