

ཟླ7པའི་ཚེས3ཉིན། ཀྲུང་གུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་ཚོགས་འདུར་འགོ་འཛིན་གནང་བ་མ་ཟད་གསུང་བཤད་གནང་།
ཀྲུང་གུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཟླ7པའི་ཚེས3ཉིན་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་ཚོགས་འདུར་འགོ་འཛིན་གནང་བ་མ་ཟད་གསུང་བཤད་གནང་།
ཚོགས་འདུ་ལས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་ཟབ་ལ་ནང་དོན་ཕུན་ཚོགས་ཤིང་། མི་སེམས་ལ་སྐུལ་པས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འཐབ་ཀྱི་འཐབ་ལམ་གསར་པར་བསྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་འགུལ་སྐྱོད་ཀྱི་རྩ་འཛིན་ཞིག་ཡིན་ལ། ཆབ་སྲིད་ཀྱི་དོན་སྙིང་དང་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་གལ་ཆེན་ལྡན། གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་དམངས་ཆེན་གྱི་འགན་ནུས་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།
ཚོགས་འདུ་ལས་བསྟན་དོན། ཏང་གི་ལོ་ངོ105ཡི་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་གྲུབ་འབྲས་རླབས་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་བྱེད་པ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། ཏང་གི་ཕུལ་བྱུང་ཁྱད་ཆོས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་ཁྱད་ཆོས། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། དམངས་ཆེན་བྱ་བ་དང་ཏང་ལེགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ནས་ལག་བསྟར་བྱེད་དགོས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི“ངེས་པར་དུ་ལྔ”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱིས་དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོས་འཕེལ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས། རྒྱལ་ཡོངས་དམངས་ཆེན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། “རྒྱུན་འཁྱོངས་བཅུ་བཞི”ཡི་ལྟེ་བའི་དོན་སྙིང་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པར་ཟུང་འབྲེལ་སྒོས་སློབ་སྦྱོང་སློབ་གསོ་སྤེལ་ནས། སློབ་སྦྱོང་དང་དོན་འཁྱོལ་གྱི་བྱ་བ་ཏན་ཏིག་གིས་སྤེལ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་རང་རྟོགས་ངང་སྤྱད་དེ་དམངས་ཆེན་གྱི་ཏང་གི་འཛུགས་སྐྲུན་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།