ཏིང་ཞུའེ་ཞང་གིས་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་བྱ་དགའ་ཐོབ་མཁན་ཕྱི་རྒྱལ་ཆེད་མཁས་པར་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ་བདུན་པའི་ཚེས་8ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་མི་དམངས་ཚོགས་ཁང་ཆེན་མོར་2025ལོའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་མཇལ་འཕྲད་གནང་བ་མ་ཟད་གཟེངས་རྟགས་གནང་། ཏིང་ཞུའེ་ཞང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་བྱ་དགའ་ཐོབ་པའི་ཆེད་མཁས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། ཁོང་ཚོས་ཀྲུང་གོའི་ཚན་རྩལ་ཡར་ཐོན་དང་གསར་གཏོད་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་ཚོས་ཀྲུང་གོའི་ཚན་རིག་མཁས་ཅན་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས། ཚན་རྩལ་གྱི་དཀའ་གནད་མཉམ་སེལ་གྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་བཏོན། བྱ་དགའ་གནང་རྗེས། ཏིང་ཞུའེ་ཞང་གིས་བྱ་དགའ་ཐོབ་པའི་ཆེད་མཁས་པ་དང་མཉམ་པར་བསྐྱོན།

ཕྱི་རྒྱལ་ཆེད་མཁས་པ་9ལ2025ལོའི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོབ་ཡོད། 1995ལོར་དངོས་སུ་བྱ་དགའ་གནང་པ་ནས་ད་ལྟའི་བར་དུ་ཕྱི་རྒྱལ་གྱི་ཆེད་མཁས་པ་155དང་། རྒྱལ་སྤྱིའི་རྩ་འཛུགས་3། ཕྱི་རྒྱལ་གྱི་རྩ་འཛུགས་1བཅས་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་ཡོད།