
ཚེས11ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མཛད་སྒོ་བསྡུས་ཏེ། ཁྲའོ་ཞན་རྒྱལ་སྲིད་ལས་ཁུངས་ཀྱི་ཙུང་ལི་ཕེའོ་ཐའེ་ཁྲེང་གིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱས་པར་དགའ་བསུ་ཞུས།
རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཀྲིན་ལུང་སོགས་དགའ་བསུའི་མཛད་སྒོར་ཞུགས།
དམག་དཔུང་རོལ་ཆའི་རུ་ཁག་གིས་ཁྲའོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།
དེའི་རྗེས། ལི་ཆང་གི་ཕེབས་རོག་འོག་ཕེའོ་ཐའེ་ཁྲེང་གིས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།