

ཟླ7པའི་ཚེས11ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ལས་ཁུངས་ཀྱི་ཙུང་ལི་ཕེའོ་ཐའེ་ཁྲེང་ལ་གྲོས་མོལ་གནང་།
ཟླ7པའི་ཚེས11ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ལས་ཁུངས་ཀྱི་ཙུང་ལི་ཕེའོ་ཐའེ་ཁྲེང་ལ་གྲོས་མོལ་གནང་།
ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་ནི་ལས་སྐལ་གཅིག་མཐུན་དང་། སོ་སྲུང་རོགས་རེས་ཀྱི་ཁྱིམ་མཚེས་གྲོགས་པོ་ཡིན། ཟླ་དྲུག་པའི་ཟླ་འགོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་མཛད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨེན་དང་ཀྲུང་ཁྲའོ་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་གཅིག་མཐུན་གྱི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་སྟེ། ཐུན་མོང་གིས་འཐབ་ཇུས་ཁྲིད་སྟོན་བྱས། ཀྲུང་ཁྲའོ་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། 《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》གི་དགོངས་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། མཐོ་རིམ་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན། དངོས་སྒྲུབ་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་ནས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱས་ཏེ། དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་བརྟན་བརླིང་ངང་རྒྱ་བསྐྱེད་དང་། མཉམ་སྦྲེལ་མཉམ་མཐུད་སྐུལ་སྤེལ་གཏོང་བ། སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་བརྩེ་མུ་མཐུད་དུ་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། མི་ཚུལ་བརྗེ་རེས་ལ་ཤུགས་བསྣན་ཏེ། དམངས་སེམས་གཅིག་སྦྲེལ་གྱི་འབྲེལ་ཐག་སྔར་བས་ཇེ་དམ་དུ་གཏོང་དགོས། ད་ལྟ་རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་ཡོད་ཅིང་། ཀྲུང་ཁྲའོ་གཉིས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས། འཐབ་ཇུས་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། ལག་གདང་སྦྲེལ་ཏེ་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས།
ཕེའོ་ཐའེ་ཁྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་ཡར་སྔོན་ལ་ཕིན་རང་དུ་ལོ་རྒྱུས་རང་བཞིན་ལྡན་པའི་ཞལ་འཛོམས་གྲོས་མོལ་གནང་ནས། ཁྲའོ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐུན་སྒྲིལ་དང་མཛའ་བརྩེའི་བརྟན་པོ་གང་ལེགས་ཀྱིས་མངོན་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་ཁྲིད་སྟོན་འདོན་སྤྲོད་བྱས། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་བརྩི་སྲུང་བྱས་ཏེ། 《ཁྲའོ་ཀྲུང་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ65འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་གོ་སྐབས་སུ་བརྩིས་ནས། མཐོ་རིམ་འགྲོ་འོང་དང་འཐབ་ཇུས་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་རྒྱུ་དང་། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། མི་ཚུལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཐུན་མོང་གིས་སྐུལ་སྤེལ་བཏང་ནས། ཁྲའོ་ཀྲུང་འབྲེལ་བའི་ལེའུ་གསར་པ་འབྲི་འདོད་ཡོད།
ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།