《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་ཅིར་ཅི་སི་ཐན་གྱི་འོས་སྦྱོར་ཚོགས་འདུ་པི་ཧྲི་ཁའེ་རུ་བསྡུས། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

  《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་ཅིར་ཅི་སི་ཐན་གྱི་འོས་སྦྱོར་ཚོགས་འདུ་ཚེས13ཉིན་ཅིར་ཅི་སི་ཐན་གྱི་རྒྱལ་ས་པི་ཧྲི་ཁའེ་ཁི་རུ་བསྡུས། ཚོགས་ཞུགས་སྐུ་མགྲོན་ཚོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ25འཁོར་བའི་སྐབས་འདིར། ཀྲུང་ཅི་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣ་དང་དེ་མིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་མོའི་འཐུས་མིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པར་དམིགས་ནས་བརྗེ་རེས་དང་བགྲོ་གླེང་བྱས་པར་དོན་སྙིང་གལ་ཆེན་ལྡན་པར་འདོད། གསུང་རྩོམ་གལ་ཆེན་འདིའི་ནང་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་དང་ལག་ལེན་གོ་རིམ་ལྡན་པའི་ངང་འཆད་འགྲེལ་བྱས་ཡོད་པ་དང་། ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་འདུན་པ་དང་ཇུས་གཞི་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད་དེ།  ཀྲུང་ཅི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ཟབ་སྤེལ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།