སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་དོ་སྣང་ཆེན་པོ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་གྲོང་ཁྱེར་དེང་རབས་ཅན་འཛུགས་སྐྲུན་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ཉེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲང་ཧའེ་རུ་རྟོག་ཞིབ་གནང་བར་ཕེབས་ནས། སྡེ་ཁུལ་དུ་སྐྱོད་པ་དང་དམངས་འཚོ་འདྲི་བ། འགྱུར་ལྡོག་ལ་གཟིགས་པ་བཅས་བྱས་ཏེ། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ལས་བྱེད་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས།  ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། གྲོང་ཁྱེར་གསར་སྒྱུར་གྱི་བྱ་བ་སོ་སོ་གཏིང་ཟབ་དང་ཞིབ་ཚགས་ཏན་ཏིག་ངང་བསྒྲུབ་ནས། སྡོད་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

གྲོང་མིའི་སྡེ་གསར་གྱི་སྡོད་དམངས་ཁུལ་ནི་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་པའོ་ཐུན་ ལམ་211ན་ཡོད་ལ། 1957ལོར་བསྐྲུན་པའི་སྡོད་དམངས་ཐོག་བརྩེགས་ཁང་ཆེན་4ལས་གྲུབ་ཅིང་། སྔོན་ཆད་གནས་འདི་ནི་སྐད་གྲགས་ཆོད་པའི་ཁང་རྙིང་ཞིག་ཡིན། 2022ལོར་ཧོང་ཕུའུ་ཆུས་ཀྱིས་དེ་གར་སྡོད་ཁང་རྙིང་པ་ཆ་ཚང་ཕྱོགས་བསྡུས་སྒྱུར་བཀོད་བྱེད་འགོ་བརྩམས། ད་ལོའི་དཔྱིད་གསར་དུས་ཆེན་ལ། སྡོད་དམངས་དུད་ཚང་300ལྷག་གཅིག་རྗེས་གཉིས་མཐུད་ངང་ཕྱིར་གནས་སྤར་ནས་ཡོང་། རྟོག་ཞིབ་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་སུ་ཕེབས་ཏེ། ཧྲང་ཧའེ་གྲོང་ཁྱེར་གྱིས་འཕྲོད་བསྟེན་སྒྲིག་བཀོད་མེད་པའི་ཁང་རྙིང་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་བཏང་ཚུལ་དང་། ལོ་རྒྱུས་རང་བཞིན་གྱིས་མཁར་ཁུལ་རྙིང་པའི་སྡོད་དམངས་ཀྱི“ཆབ་གཞོང་འཁྱེར་དགོས”པའི་གནད་དོན་ཐག་བཅད་པ་དང་གཞིས་ཁུལ་བསྒྱུར་བཀོད་བྱས་ཚུལ་བཅས་ཀྱི་ངོ་སྤྲོད་ལ་གསན་པ་མ་ཟད་ཡུལ་དངོས་ཀྱི་ལས་སྒྲུབ་མི་སྣ་དང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་མོ་གནང་།

ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཏང་ཨུའི་ཧྲུའུ་ཅི་ཞུས་ཧུའེ་ལི་ཡིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡོད་དམངས་ཀྱི་འཚོ་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་ལ། ལྭ་བ་སྐམ་ས་ཡོད་མེད་དང་རླངས་འཁོར་འཇོག་སྐབས་སྟབས་བདེ་ཡིན་མིན་ལྟ་བུ་སོགས་ཞིབ་ཕྲའི་གནས་ཚུལ་ལ་ཁོང་གིས་དོ་ཁུར་ཆེན་པོ་བྱེད་པ་རེད།  ལྟེ་བའི་མཁར་ཁུལ་ཡིན་པའི་ཆ་ནས། ཧོང་ཕུའུ་ཆུས་ལ་དེང་རབས་ཅན་གྱི་ཐོག་བརྩེགས་ཁང་ཆེན་ཡོད་ལ། སྡོད་ཁང་རྙིང་པ་མང་པོ་ཞིག་ཀྱང་ཡོད། ང་ཚོས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ཏེ། དམངས་འཚོའི་དོན་ཆུང་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་གཞིས་ཁུལ་རྙིང་པའི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་ངེས་ལ། ཞིབ་ཕྲའི་གནས་སུ་ཕན་འབྲས་དང་སྤུས་ཚད་ཇེ་ལེགས་སུ་བཏང་ནས། སྤྱི་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་ངེས།

སྔོན་ཆད་ཀྱི་ཐོག་ཁང་རྙིང་བར་གྱུར་ནས། སྡོད་དམངས་མི་ཉུང་བ་ཞིག་གིས་རྟག་ཏུ་ཆབ་གཞོང་འཁྱེར་ནས་འཚོ་བ་སྐྱེལ་དགོས། ད་སྐབས་ཁྱིམ་ཚང་རེ་རེ་ཁེར་རྐྱང་དུ་བསྡད་ཡོད་ལ། ཐོག་བརྩེགས་ཁང་ཆེན་དུ་གློག་སྐས་ཡོད་པ་དང་མེ་ཏོག་ལྡུམ་ར་ཡོད་ཅིང་། གྲོང་མིའི་སྡེ་གསར་སྡོད་དམངས་ཆུས་ཀྱི་སྡོད་གནས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། རྟོག་ཞིབ་ཁྲོད་སྡོད་དམངས་ཀྲུའུ་གོ་ལི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལོ་འདི་དག་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་བཤད། སྤྱི་ཁྱབ་ཧྲུའུ་ཅིས་ཁོ་མོར་གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆེད་དུ་ཡིན་ལ། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་དང་། འཚོ་བ་སྐྱིད་པོ་བྱུང་ན་ཏང་དང་སྲིད་གཞུང་གཞི་ནས་བློ་བདེ་སྲིད་ཅེས་གསུང་།

ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཀྱི་གྲོང་མིའི་སྡེ་གསར་སྡོད་དམངས་ཁུལ་གྱི་སྡོད་དམངས་ཀྲུའུ་གོ་ལི་ཡིས་བཤད་རྒྱུར།  ངས་སྤྱི་ཁྱབ་ཧྲུའུ་ཅིར་ང་ཚོས་ད་ལྟ་ཐབ་ཚང་སྒེར་སྤྱོད་བྱེད་བཞིན་ཡོད་ལ། སྔོན་ཆད་ཁྱིམ་ཚང་གསུམ་གྱིས་བཀོལ་དགོས། སྔོན་ཆད་ང་ཚོ་ཁྱིམ་ཚང་བཅུ་ཡིས་གསང་སྤྱོད་ཁང་གཅིག་བཀོལ་དགོས་མོད། ད་ལྟ་ང་ཚོའི་ཁྱིམ་ཚང་རེ་རེར་སྒེར་ཚུགས་ཀྱི་གཙང་སྤྱོད་ཁང་རེ་ཡོད་ཅེས་བཤད་པར། ཁོང་གིས་བྱམས་བརྩེའི་ངང་ང་ལ་འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན། མང་ཚོགས་ཀྱི་འཚོ་བ་ནི་ཁྱིམ་དོན་ཡིན་ལ་རྒྱལ་དོན་དེ་བས་ཀྱང་ཡིན་ཞེས་གསུང་། ངས་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ།  ང་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་ཚེ། ང་ཚོའི་མ་འོངས་པའི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་ཡིན་པའི་ཡིད་ཆེས་ཡོད།

དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་བྱ་རྒྱུ་ནི་གོ་རིམ་གལ་ཆེན་ཞིག་ཡིན། ས་གནས་ནས་ཀྲུང་དབྱང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་ཐད་ཐོག་མཐའ་བར་གསུམ་དུ་ཐུགས་ཁྲལ་གནང་བཞིན་ཡོད། 2019ལོར་ཁོང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། “མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་གལ་ཆེན་དེ་ཐོག་མར་བཏོན། ལོ་འདི་འགར། ཧྲང་ཧའེ་ཡིས་མཁར་དབུས་སྡེ་བའི་སྤྱི་ཡོངས་སྒྱུར་བཀོད་ལས་གཞི་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་བཙུགས་ཏེ། སྡོད་ཁང་རྙིང་པ་ཆ་ཚང་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་། 2022ལོར། ཧྲང་ཧའེ་གྲོང་ཁྱེར་ཡོངས་ཀྱི་ཡུག་གཅིག་སྒྱུར་བཀོད་ལས་འགན་ལེགས་འགྲུབ་བྱུང་། 2025ལོའི་ཟླ་9པར། མཐའ་མའི་དུད་ཚང་ཆིག་ཁྲི་བཞི་སྟོང་ལྷག་གི“ཆབ་གཞོང་འཁྱེར་བའི”སྒྱུར་བཀོད་ལས་འགན་ལེགས་གྲུབ་བྱུང་བ་དང་བསྟུན་ནས། ཧྲང་ཧའེ་ཡི་གྲོང་མི་ས་ཡ་ཡན་གྱི་ཆབ་གཞོང་འཁྱེར་བའི་ལོ་རྒྱུས་མཇུག་བསྒྲིལ། ད་ཐེངས་ཀྱི་རྟོག་ཞིབ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནན་གྱིས་བསྟན་དོན།  རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་རེ་རེ་བཞིན་ཡག་པོ་བསྒྲུབ་ནས། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།

སྡེ་ཁུལ་ནི་གྲོང་ཁྱེར་བཅོས་སྐྱོང་མ་ལག་གི་གཞི་རྩའི་སྡེ་ཚན་ཡིན། གྲོང་མིར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད། གྲོང་མིའི་སྡེ་གསར་སྡོད་དམངས་ཁུལ་གྱིས“བར་ཐག་མེད་པའི་ཞབས་ཞུའི་སྒེའུ་ཁུང”བཙུགས་ལ། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་སྒོ་འགྲམ་དུ་དོན་འཁྱོལ་བྱས་ཏེ། སྡོད་དམངས་ཀྱི་མཉམ་སྤྱོད་མགྲོན་བསུ་ཁང་དུ་གྱུར་ཡོད། སྡེ་ཁུལ་གྱིས་ད་དུང་ཟས་རིགས་སོས་པ་ཐད་ཀར་མཁོ་འདོན་དང་ཁྱིམ་སྤྱོད་གློག་ཆས་ཞིག་གསོ། སྐྲ་བཞར་སོགས་དམངས་ཕན་ཞབས་ཞུ་ནང་འདྲེན་བྱ་རྩིས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་འཛུགས་སྣེ་ཁྲིད་ལ་སྔར་བས་ཤུགས་བསྣན་ནས། སྡེ་ཁུལ་དང་དམངས་ཕན་འཚོ་བའི་ཁུལ་ཆ་ཚང་ཞིག་བསྐྲུན་ཏེ།  སེམས་ཤུགས་ཡོད་རྒུས་སྡོད་དམངས་ཀྱི་ཆེད་དུ་བྱ་བ་བཟང་པོ་སྒྲུབ་པ་དང་དོན་དངོས་སྒྲུབ་པ། དཀའ་ངལ་སེལ་བ་བཅས་བྱེད་དགོས།

ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་གྲོང་མིའི་སྡེ་གསར་སྡོད་དམངས་ཁུལ་གྱི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཝེ་ཡིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་དོ་བདག་ཨུ་ཡོན་ལྷན་ཁང་། གཞིས་ལས་ཞབས་ཞུ་ཁེ་ལས་བཅས་ཀྱི་མཐུན་སྦྱོར་འཁོར་སྐྱོད་རྣམ་པ་གསར་པ་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ནས། ང་ཚོའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཀྱི་བྱེད་སྒོའི་ནང་དོན་དེ་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་མ་ཟད། ང་ཚོའི་དམངས་ཕན་ཚལ་ཁྲོམ་གྱི་ཞབས་ཞུ་དེ་བས་ལེགས་པ་དང་ཚང་མའི་གཞིས་ཁུལ་གྱི་འབྲེལ་བ་སྔར་ལས་འཆམ་མཐུན་ཡོང་བར་བྱེད་དགོས།

ཧྲང་ཧའེ་གྲོང་ཁྱེར་སྡོད་ཁང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིན་ཡུས་དབྱིན་གྱིས་བཤད་རྒྱུར། ཆབ་གཞོང་གཅིག་དང་ཐབ་ཚང་གཅིག་བལྟས་ན་དོན་ཆུང་ཞིག་ཏུ་སྣང་བ་འདིས་ཀྱང་དོན་དམ་པར་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་པའི་རེ་སྒུག་མཚོན་ཐུབ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ཆེས་གཙོ་བོར་འཛིན་པ་དང་། གྲོང་ཁྱེར་གསར་སྒྱུར་དང་གཞི་རིམ་ཞབས་ཞུ་སོགས་དམངས་འཚོའི་དོན་དངོས་ལེགས་པར་སྒྲུབ་ནས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཇེ་མཐོར་གཏོང་རྒྱུ་ཡིན།

ཚེས16ཉིན་ནས་བཟུང་། རང་རྒྱལ་དངོས་སུ“བདུན་པའི་ཟླ་སྨད་དང་བརྒྱད་པའི་ཟླ་སྟོད”ཀྱི་ཞོད་འགོག་གི་གནད་འགག་དུས་སྐབས་སུ་སླེབས་ཡོད། རྟོག་ཞིབ་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་དང་ཞིབ་ཚགས་བྱེད་དགོས་པ་དང་། ཞོད་འགོག་འབྲུབ་འགོག་དང་ཉེན་སེལ་རྒུད་སྐྱོབ་སོགས་ཀྱི་བྱ་བ་ཏན་ཏིག་ངང་ལེགས་པར་བསྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ལེགས་པོ་བྱེད་དགོས།

ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར་ཧུའེ་ནན་རྫོང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅུན་ཧྲེན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། མཁར་ཁུལ་དང་ཞིང་ཁའི་འཁྱིལ་ཆུ་བཤང་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་དུ་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་ལ། ཉམས་ཞན་ཆེ་སར་དམ་པོར་དམིགས་ཏེ་ཐོལ་བྱུང་གི་ཉེན་ཁ་སྣ་ཚོགས་ཐག་གཅོད་འོས་འཚམ་བྱེད་པ། ཆུ་རགས་ཀྱི་བདེ་འཇགས་མཐའ་ཚད་སྲུང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ལེགས་པོ་བྱེད་དགོས།

ཧི་པེ་ཞིང་ཆེན་ཁྲེང་ཏི་གྲོང་ཁྱེར་ཁོན་ཁྲེན་མན་ཇུ་རིགས་རང་སྐྱོང་རྫོང་གི་འགོ་གཙོ་གཞོན་པ་དབྱང་ཧྲུའུ་དབྱིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐའི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བརྟན་པོ་འཛུགས་དགོས་ཞེས་བསྟན་ཡོད་པས། མིག་སྔར་ང་ཚོས་ནུས་ཤུགས་ཡོད་རྒུས་གནོད་ཤུལ་ཞིག་གསོ་དང་སླར་གསོ་བྱས་ཏེ་གནོད་ཐེབས་མང་ཚོགས་བདེ་འགོད་ལེགས་པོ་བྱེད་བཞིན་ཡོད། རིམ་པ་རྗེས་མར་ང་ཚོས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ནས། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་མོ་བྱས་ཏེ། གནོད་ཤུལ་བདེ་འགོད་དང་གནོད་ཤུལ་བསྐྱར་བསྐྲུན་གྱི་བྱ་བ་གོ་རིམ་ལྡན་པའི་ངང་སྒྲུབ་རྒྱུ་ཡིན།

用心用情为居民做好事 办实事 解难事——习近平总书记在上海考察时的重要讲话引发热烈反响