
ཟླ7པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཨེན་ཏི.པོ་ན་མུའུ་ལ་གློག་འཕྲིན་བཏང་ནས་ཁོ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལ་བསྐོས་པར་རྟེན་འབྲེལ་ཞུས།
ལི་ཆང་གིས་བསྟན་དོན། ཀྲུང་དབྱིན་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གཙོ་བོ་ཡིན་པས། གྲོས་མོལ་མཉམ་ལས་ལ་ཤུགས་སྣོན་པ་དེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པར་མ་ཟད། འཛམ་གླིང་གི་ཞི་བདེ་ཐད་བརྟན་འཇགས་རང་བཞིན་བསྩོལ་ངེས་ཡིན། ངས་སྐུ་ཞབས་དབུ་བཞུགས་བློན་ཆེན་དང་མཉམ་དུ་འབད་བརྩོན་བྱས་ཏེ་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ལ། བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་དབྱིན་ཇིའི་ཡུན་རིང་བརྟན་ལྷིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།