དམངས་ཕྱུག་དམངས་ཕན་ཡོང་བར་བྱས་ཏེ། ཀྲེ་ཅང་གིས་ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བའི་དེང་རབས་ཅན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བརྟན་པོ་གཏོང་དགོས། ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་ལོ་ལྔ་ལྷག་གི་རིང་ལ། ཀྲེ་ཅང་གིས་སྔ་ཕྱི་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས། རྩ་བའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་བརྟན་བརླིང་ངང་སྐུལ་འདེད་བཏང་ཞིང་། མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་སྣ་མང་ཅན་གྱི་འཚོ་བའི་དགོས་མཁོ་སྐོང་གང་ཐུབ་བྱས་ཏེ། ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་མང་ཚོགས་ཀྱིས་ཚོར་ཐུབ་པའི་མཛེས་སྡུག་ལྡན་པའི་འཚོ་བར་བསྒྱུར།

ཉིན་འདི་གཉིས་ལ། རྒྱ་མཚོའི་རླུང་འཚུབ་ཡལ་བ་དང་བསྟུན་ནས། ཀྲེ་ཅང་ནུབ་ལྷོའི་རི་ཁུལ་དུ་རིམ་བཞིན་གནམ་ངོ་དྭངས་པར་གྱུར། སྐོར་སྐྱོད་ནད་བརྟག་སྨན་བཅོས་སོགས་ཀྱི་ཞབས་ཞུའི་རླངས་འཁོར་རི་ཁུལ་གྱི་གྲོང་ཚོར་བསྐྱོད་དེ་རྒྱུན་གཏན་ཅན་གྱི་ཞབས་ཞུ་སླར་གསོ་བྱས།

ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ལུང་ཆོན་གྲོང་ཁྱེར་ཅིན་ཞི་གྲོང་རྡལ་ཧྲང་ཅིན་སྡེ་བའི་སྡེ་མི་ལིའུ་ཧྲོའུ་ཧྥེན་གྱིས་བཤད་རྒྱུར། ཁྲག་ཤེད་བརྟག་དཔྱད་བྱེད་མཁན་དང་སྙིང་པར་རྒྱག་མཁན་ཡོད་ལ། ད་རུང་རྒན་པར་ལུས་པོ་བཀྲུ་རོགས་དང་སྐྲ་བཞར་མཁན་ཡང་ཡོད། 

ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ལུང་ཆོན་གྲོང་ཁྱེར་ཅིན་ཞི་གྲོང་རྡལ་ཧྲང་ཅིན་སྡེ་བའི་སྡེ་མི་ཀྲུའུ་ཅ་ཡིའུ་ཡིས་བཤད་རྒྱུར། ད་ལྟ་རླངས་འཁོར་ཐད་ཀར་སྡེ་བའི་ནང་དུ་ཡོང་ནས་ང་ཚོར་ཞབས་ཞུ་བྱེད་ཀྱིན་ཡོད། གཟའ་འཁོར་རེར་ཐེངས་རེ་ཡོང་བཞིན་ཡོད་ལ། ང་ཚོས་སྡེ་བ་རུ་ཡང་གྲོང་ཁྱེར་དང་འདྲ་བའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ། ངའི་བསམ་པར་ཧ་ཅང་ཡག་པོ་འདུག ང་ཧ་ཅང་དགའ་ཡོད།

སྐོར་སྐྱོད་ཞབས་ཞུ་ནི་ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་བསྐྲུན་པ་ནས་བཟུང་ཀྲེ་ཅང་གིས་སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་སྤུས་ལེགས་ཐོན་ཁུངས་ཀུན་ཕན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།

ཀྲེ་ཅང་གི་རྒྱ་ཁྱོན70%ཡི་ནི་རི་ཁུལ་ཡིན་པ་དང་། ད་དུང་སྡོད་དམངས་ཡོད་པའི་མཚོ་གླིང་200ལྷག་ཡོད་ལ། ས་ཁམས་བཀག་བཅད་དང་སྡོད་གནས་ཁ་ཐོར་ཡིན། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་དེ་གའི་མང་ཚོགས་ལའང་སྟབས་བདེའི་ངང་དོ་སྙོམས་ཀྱི་རྩ་བའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱ་རྒྱུ་དེ་ཡིན།

ཀྲེ་ཅང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་རེན་ཡོན་གྱིས་བཤད་རྒྱུར། ང་ཚོས་གཏན་འཇགས་དང་སྐོར་སྐྱོད་ཀྱི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ཏེ། ཆ་རྐྱེན་ཡོད་པ་དང་མི་འབོར་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པའི་ས་ཁུལ་དུ་ང་ཚོས་ངེས་གཏན་གྱི་འཕྲོད་བསྟེན་ཁང་དང་སྨན་བཅོས་ས་ཚིགས་བཙུགས་ཡོད།  ཐག་རིང་རི་ཁུལ་གྱི་མཚོ་གླིང་དེ་དག་ལ་ང་ཚོས་སྐོར་སྐྱོད་ནད་བརྟག་སྨན་བཅོས་རླངས་འཁོར་དང་སྐོར་སྐྱོད་སྨན་བཅོས་གྲུ་གཟིངས་གཏོང་གི་ཡོད། མང་ཚོགས་ལ་སྒོ་འགྲམ་དུ་སྨན་སྦྱོར་ཐུབ་པ་དང་ནད་ལ་ལྟ་ཐུབ་པར་བྱས་པ་མ་ཟད། འཛུགས་སྐྲུན་བསྐྱར་ཟློས་ལས་བྱུང་བའི་ཐོན་ཁུངས་ཆུད་ཟོས་སུ་མི་འགྲོ་བ་གཡོལ་དུ་བཅུག

རླངས་འཁོར་ཞིག་ནི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལས་སྟེགས་ཤིག་རེད། ད་ཆ་ཞིང་ཆེན་ཡོངས་སུ་ཚད་ལྡན་ཅན་གྱི་སྐོར་སྐྱོད་ནད་བརྟག་སྨན་བཅོས་ས་ཚིགས1510བསྐྲུན་ནས། སྲིད་འཛིན་སྡེ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། ཞབས་ཞུ་ལ་བརྟེན་ནས་མི་འཚོལ་དུ་འཇུག་པ་དང་། མཁོ་སྤྲོད་བྱེད་སྟངས་བསྒྱུར་བ། སྤྱི་པའི་ཐོན་ཁུངས་སྤུས་ལེགས་གཅིག་གྱུར་བཀོད་གཏོང་དང་གནད་སྨིན་གཤམ་གཏོང་ཐུབ་པ་བྱས་ཏེ། “གཏན་འཇགས་དང་འཁོར་རྒྱུག”གི་ཞབས་ཞུའི་རྣམ་པ་དེ་ཞིང་ཆེན་ཡོངས་སུ་ཁྱབ་གདལ་བཏང་ཞིང་། ཞབས་ཞུའི་རིགས་དེ་དངུལ་རྩ་དང་ཞིང་སྐྱོར། རྒན་གསོ་སོགས་ཁྱབ་ཁོངས་མང་པོར་རྒྱ་བསྐྱེད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་དམངས་འཚོ་གལ་ཆེ། ཀྲེ་ཅང་དུ་ཕྱག་ལས་གནང་སྐབས། བློ་མཐུན་ཞི་ཅིན་ཕིང་གིས“དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་ཨང་དང་པོར་འཇོག་རྒྱུ་”མཐའ་འཁྱོངས་དང་། “ཁྲི་སྟོང་བཟོ་སྐྲུན”ཟབ་སྤེལ་བྱས་ནས། སྤྱི་པའི་ནོར་སྲིད་ཐོན་ཁུངས་གྲོང་གསེབ་དང་དར་རྒྱས་བྱུང་མེད་པའི་ས་ཁུལ་ལ་ཕྱོགས་ཆ་ལྡན་པར་བྱས་ཏེ། དམངས་ལ་བྱ་བ་དངོས་སྒྲུབ་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ལ་ཕན་པར་བྱེད་དགོས་པ་བཏོན།

ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། ཀྲེ་ཅང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས། ད་ཆ་སྒྲིག་གཞི་ཚང་བའི་སྡེ་བ88%ལས་བརྒལ་བར་འཁོར་ལམ་གཉིས་ཤར་གཏོང་ཐུབ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་གཞི་གཅིག་ཅན་དུ་འགྱུར་ཚད90%ལ་སླེབས་ཡོད། གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་ཁྱོན་ཅན་དུ་འགྱུར་ཚད92%ལ་སླེབས་པ་དང་ཆུའི་སྤུས་ཚད་ལོན་ཚད99%ལས་བརྒལ་ཡོད། སྤྱི་པའི་གློག་གསོག་ཡོ་བྱད་བརྒྱད་འབུམ་དགུ་ཁྲི་ཀྲེ་ཅང་གི་གྲོང་གསེབ་ཏུ་ཁྱབ་ནས། དགོས་མཁོ་ཡོད་པའི་ཞང་དང་གྲོང་རྡལ་ཚང་མར་ཁྱབ་ཡོད།

ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་ཅང་གོ་ཧྥེང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས།“བརྒྱད་བརྒྱད་འཐབ་ཇུས”ལག་བསྟར་གཏིང་ཟབ་དང་། འཆར་གཞི་གཅིག་མཐར་ཕྱིན་པ་བཟོ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་པའི་ཞབས་ཞུའི་མ་ལག“ཡོད་པ”ནས“ཕུལ་བྱུང”བར་གྱི་མཆོང་སྐྱོད་མངོན་འགྱུར་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་ནས་ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་འཕེལ་རྒྱས་གཏོང་བ་དང་འཛུགས་སྐྲུན་བྱེད་རིམ་ཁྲོད། ང་ཚོས་སློབ་གསོ་དང་སྨན་བཅོས། རྒན་གསོ། ལས་ཞུགས་སོགས་རྩ་བའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་དང་ཁྱབ་ཐུབ་རང་བཞིན་མགྱོགས་མྱུར་ངང་འཚོལ་ཞིབ་བྱས་ནས། གཞི་རིམ་གྱི་ཐུན་མོང་རང་བཞིན་གྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཡོད།

“རྒན་པ་དང་བྱིས་པའི”ཞབས་ཞུའི་འགན་སྲུང་དམ་འཛིན་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཞིབ་ཕྲ་དང་དེ་བས་དྲོད་ཚད་ལྡན་པ་བྱེད་དགོས།  ཉིང་པོ་གྲོང་ཁྱེར་གྱི་ཁུང་ཕུའུ་སྲང་ལམ་དུ། ལོ85ལ་སླེབས་པའི་བགྲེས་སོང་ཐུའུ་ཧེང་ཁའེ་屠恒凯ཡིས་ཁ་པར་གཅིག་བཏང་ཚེ་ཁྱིམ་དུ་བཟའ་བཅའ་དང་གཙང་སྦྲ། ཚབ་ཉོ་སོགས་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ།

ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཅང་པེ་ཆུས་ཁུང་ཕུའུ་སྲུང་ལམ་དབྱི་ཅང་སྡེ་ཁུལ་གྱི་གྲོང་མི་ཐུའུ་ཧེང་ཁའེ་ཡིས་བཤད་རྒྱུར། ཁོ་ཚོའི་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ཡིས་ང་ལ་སྔོ་ཚལ་ཁྱིམ་དུ་བསྐྱལ་ཡོང་། ད་དུང་ང་ལ་ཁྱིམ་ལས་དང་གཙང་སྦྲ་བྱེད་རོགས་བྱེད་པས། ང་ཚོ་རྒན་པའི་འཚོ་བ་ནི་དངོས་གནས་བདེ་སྐྱིད་ལྡན་པ་ཞིག་རེད། 

བདེ་སྐྱིད་ཀྱི་རྒྱབ་ལོགས་ནི་ཀྲེ་ཅང་གིས་འཚོལ་ཞིབ་བྱེད་བཞིན་པའི་རྒན་གསོ་ཞབས་ཞུའི་རིགས་དབྱེ་ཇུས་འདོན་གྱི་ཐབས་ལམ་དེ་རེད། ཁྱིམ་སྡོད་རྒན་པ་ལ་རིག་ནུས་ཁམས་གསོ་སྟེགས་བུ་བསྐྲུན་ནས་ཁྱིམ་ཐོན་ཞབས་ཞུ་སྒྲུབ་པ། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པ་ལ་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་དང་ཞབས་ཞུའི་སྤུས་ཚད་ཅུང་མཐོ་བའི་གཞུང་བཙུགས་རྒན་གསོའི་ལས་ཁུངས་འདོན་སྤྲོད་བྱས་པ་དང་། ནུས་ཉམས་དབང་ཞན་གྱི་རྒན་པ་ལ་ཡུན་རིང་འགན་བཅོལ་དང་རྒན་གསོའི་ཞབས་ཞུའི་ཁ་གསབ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། གྲོང་ཆུས་ནས་རི་གྲོང་དང་། བདེ་ཐང་ཡིན་པའི་རྒན་པ་ནས་ནུས་ཉམས་རྒན་པའི་བར་གྱི་མུ་ཕྲེང་ཧྲིལ་བོའི་ལྟ་སྐྱོང་སྤྱི་ཁོག་རིམ་གྱིས་གྲུབ་ཡོད། 

ཀྲེ་ཅང་ཞིང་ཆེནཉིང་པོ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ཅུན་ཡུའེ་ཡིས་བཤད་རྒྱུར།

རྒན་གསོ་ཞབས་ཞུར་དགོས་མཁོ་དང་བསྟུན་ནས་ཐབས་ཇུས་འདོན་དགོས་པས། ང་ཚོས་ལག་ལེན་ཁྲོད་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒན་པ་རྣམས་ཀྱི་དགོས་མཁོ་མི་འདྲ་བས་རྒན་གསོའི་ཞབས་ཞུ“བརྒྱ་ཁ་གཅིག་གཅོད”བྱེད་མི་རུང་། ང་ཚོས་ས་ཁོངས་ཡོངས་ལ་དཔྱད་དཔོག་བྱས་ནས་རང་ངོས་ནས་རེ་ཞུ་དང་ཆེད་ལས་སྒྲིག་གཞིའི་དཔྱད་བསྡུར་གཏན་འབེབས་དང་ཟུང་འབྲེལ་བྱས་ཏེ། རྒན་པའི་གནས་ཚུལ་གནད་ལ་འཁེལ་བའི་ངོས་འཛིན་དང་། འགུལ་རྣམ་གསར་སྒྱུར་བྱས་པ་ཡིན་ལ། ལོ་ཚོད་དང་བདེ་ཐང་སོགས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ནས། རིགས་དབྱེ་དང་རྣམ་པ་མང་བའི་སྒོ་ནས་ཞབས་ཞུ་མཁོ་འདོན་བྱས་ཏེ་རྒན་པ་ཚང་མར་ཆེས་འོས་ཤིང་འཚམ་པའི་ལྟ་སྐྱོང་ཐོབ་པར་འབད་བརྩོན་བྱེད་བཞིན་ཡོད།

ཝུན་ཀྲོའུ་ཨའོ་ཧའེ་ཆུས་ཀྱི་བུ་བཅོལ་ཁང་གིས་ད་ལོ་གསར་དུ་བཏོན་པའི་དབྱར་གནང་གི་བུ་བཅོལ་ཞབས་ཞུ་དེས་ཁྱིམ་བདག་མི་ཉུང་བ་ཞིག་གི་སེམས་ཁྲལ་སེལ།

ཁྱིམ་བདག་མེའུ་ཆན་མེན་གྱིས་བཤད་རྒྱུར།

རང་ཁྱིམ་དང་ཧ་ལམ་སྐར་མ2ནས3བར་གྱི་ལམ་ཐག་ཙམ་ལས་མེད་པས། འགྲོ་སོང་ཅུང་དམའ་བར་མ་ཟད། དགེ་རྒན་ལ་འགན་སྲུང་ཡོད་པས། བྱིས་པ་གནས་འདིར་སྐྱེལ་ན་སེམས་ཧ་ཅང་བདེ་ཟེར།

བུ་བཅོལ་སློབ་གསོ་གཞི་གཅིག་ཅན་གྱི་བཅོས་སྒྱུར་ནི་ཀྲེ་ཅང་ཞིང་ཆེན་གྱི་སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་གྱི་བྱེད་ཐབས་གལ་ཆེན་ཞིག་རེད། ལོ3མན་གྱི་བྱིས་པ་བཅོལ་དཀའ་བ་དང་བཅོལ་གླ་མཐོ་བའི་གནད་དོན་ཐག་གཅོད་བྱས་པ་དང་། ཀྲེ་ཅང་གིས་སྡེ་ཁག་གི་དབྱེ་མཚམས་མེད་པར་བཟོས་ཏེ། སྔོན་གྱི་ཁག་བགོས་སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་གི་དོ་དམ་འགན་ནུས་སྡེབ་སྒྲིག་གཏིང་ཟབ་བྱས་ནས། བུ་བཅོལ་ཁང་གིས་བུ་བཅོལ་ཞབས་ཞུ་སྤེལ་བར་སྐུལ་འདེད་བཏང་ནས་ལོ2ནས་6བར་གྱི་སློབ་གསོའི་མ་ལག་རིམ་བཞིན་འཛུགས་འགོ་བརྩམས།

ཀྲེ་ཅང་ཞིང་ཆེན་གྱི་བུ་བཅོལ་སློབ་གསོའི་གཞི་གཅིག་ཅན་གྱི་བཅོས་སྒྱུར་ཞིབ་འཇུག་མཛུབ་སྟོན་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཡན་ཚུང་ཀེན་གྱིས་བཤད་རྒྱུར།

བུ་བཅོལ་འཛིན་གྲྭ་ནི་སྤྱིར་བཏང་གི་འཛིན་གྲྭ་ཆུང་ཆུང་ཞིག་གཏན་ནས་མིན་པས་ངེས་པར་དུ་ན་ཆུང་བྱིས་པའི་འཚར་ལོངས་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་བརྩི་སྲུང་བྱེད་དགོས། བུ་བཅོལ་སློབ་གསོ་གཞི་གཅིག་ཅན་གྱི་བཅོས་བསྒྱུར་བྱས་པ་བརྒྱུད་ནས། སློབ་སྔོན་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དང་དགེ་རྒན་གྱི་དཔུང་སྡེའི་དགེ་མཚན་དེ་འཕྲོད་བསྟེན་བདེ་ཐང་གི་སྨན་གསོའི་ཁྱད་ཆོས་དང་གོང་བུ་གཅིག་ཏུ་སྒྲིལ་ཏེ། ཉིན་གང་བོར་བཅོལ་བ་དང་། ཉིན་ཕྱེད་ལ་བཅོལ་བ། གནས་སྐབས་སུ་བཅོལ་བ་སོགས་བུ་བཅོལ་ཞབས་ཞུ་སྣ་མང་འདོན་སྤྲོད་བྱས་ཏེ། བུ་བཅོལ་ཁང་དང་། ཁྱིམ་ཚང་། སྡེ་ཁུལ་བཅས་ཀྱིས་མཉམ་དུ་བྱིས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།

མིག་སྔར། ཀྲེ་ཅང་དུ་བུ་བཅོལ་ཁང་ལྔ་སྟོང་ལྷག་གིས་ལོ3མན་གྱི་བྱིས་པར་དམིགས་ཏེ། བུ་བཅོལ་འཛིན་གྲྭ་སྒྲུབ་ནས་བུ་བཅོལ་ཁང་དུ་བྱིས་པ་ཆིག་འབུམ་སུམ་སྟོང་ཡོད།

ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་ལོ་ལྔའི་རིང་། ཀྲེ་ཅང་གིས་ཞིང་ཆེན་ཡོངས་ཀྱི་“མིག་མངས་འགྲིག་སྐོར་གཅིག”གི་བསམ་ཕྱོགས་བསྐྲུན་ཏེ། རྒྱལ་ཡོངས་ནས་སྔོན་ལ་གཞི་རྩའི་སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་གྱི་བཅོས་བསྒྱུར་སྤེལ་བ་དང་། ཞིང་ཆེན་རིམ་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི96ལ་གྲོང་ཁྱེར་དང་གྲོང་གསེབ་གྱི་ཁྱད་མེད་མངོན་འགྱུར་བྱུང་ལ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཀུན་ཕན་གྱི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་ཕྱིན།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལ་དམིགས་ཏེ། ཀྲེ་ཅང་གིས2030ལོར་སླེབས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་ལེགས་པའི་འཚོ་བའི་སྔོན་སྐྱོད་ཁུལ་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་ཡིན་ཞིང་། “བྱིས་པར་སློབ་གསོ་ཡོད་པ་དང་། སློབ་ན་དགེ་རྒན་ཡོད་པ། རྒས་ན་ཁམས་གསོ་བྱེད་པ”སོགས“ལེགས་སྤྱོད་བདུན”བཟོ་སྐྲུན་གྱི་སྤུས་མཐོ་རྒྱ་སྐྱེད་གཏོང་རྒྱུ་ཡིན་ལ། “རྒན་པ་གཅིག་དང་བྱིས་པ་གཅིག”གི་ཞབས་ཞུར་དྲོད་འཁོལ་སྔར་ལས་མཐོ་བ་དང་མང་ཚོགས་ཀྱིས་ཐག་ཉེ་ས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་པར་སྟབས་ཇེ་བདེར་གཏང་རྒྱུ་རེད།