ཡིག་ཚགས་དངོས་བཤུས་གློག་བརྙན《ཅང་ཙེ་མིང》ཚེས་བཅུ་བཞི་ཉིན་བཏང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

བློ་མཐུན་ཅང་ཙེ་མིང་སྐུ་འཁྲུངས་ནས་ལོ་ངོ100འཁོར་བར་རྗེས་དྲན་ཞུ་ཆེད། ལེའུ་བཅུ་གཉིས་ཅན་གྱི་ཡིག་ཚགས་དངོས་བཤུས་གློག་བརྙན《ཅང་ཙེ་མིང》ཞེས་པ་དེ་ཚེས་བཅུ་བཞིན་ཉིན་གྱི་དགོང་མོར་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ནས་ཆུ་ཚོད་བརྒྱད་པའི་སྟེང་ལེའུ་བདུན་པ《སྤྲིན་རླུང་གི་རང་བཞིན》དང་ལེའུ་བརྒྱད་པ《ཧྲག་དམག་གི་ལེའུ་གསར་པ》བཏང་། ཚན་སློབ་འཕྲིན་ལམ་ནས་དགོང་མོའི་ཆུ་ཚོད་བཅུ་པར་བསྐྱར་གཏོང་བྱ་རྒྱུ་རེད།