
ཟླ8པའི་ཚེས20ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་དོན་གཅིག་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥུན་ཁྲོན་གྱིས་འགོ་འཛིན་བྱས། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལུའེ་ཀང་། ཝང་ཅིན་ཀྲའེ། ཚའེ་ཁྲིན་ཡུང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་གྲོས་འགོ་གྲོས་དོན་དང་འཚོག་པའི་དུས་ཚོད་ཀྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་གྱི་སྐུད་མེད་གློག་དོ་དམ་སྲོལ་ཡིག(འཆར་ཟིན)》དང《མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་ལས་དོན་དོ་དམ་སྲོལ་ཡིག(འཆར་ཟིན)》གྱི་གཅིག་གྱུར་ཞིབ་བཤེར་ལས་དོན་གྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《སྐྱེ་ཁམས་ཁོར་ཡུག་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》གྱི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱས། 《ཟི་ལིང་གྲོང་ཁྱེར་གྱི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》དང《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་སྐྱེལ་ཁྲོམ་རའི་དོ་དམ་སྲོལ་ཡིག》 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གོམས་སྲོལ་བསྒྱུར་རྒྱུར་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན།
《2025ལོའི་ལོ་འཁོར་གྱི་སྲིད་གཞུང་གི་བུ་ལོན་དོ་དམ་གནས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུ》དང《2025ལོའི་ལོ་འཁོར་གྱི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཕྱོགས་བསྡུས་སྙན་ཞུ》《2025ལོའི་ལོ་འཁོར་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆེད་དོན་སྙན་ཞུ》《ཞིང་ཆེན་ཡོངས་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པའི་ལས་དོན་གནས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུར》གྲོས་ཞིབ་བྱ་རྒྱུའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན། 《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས〈མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག〉ལ་ཞིབ་བཤེར་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ》དང《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་སྐུལ་སྤེལ་བཅའ་ཁྲིམས〉དང〈མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་སྐུལ་སྤེལ་སྲོལ་ཡིག〉ལ་ཞིབ་བཤེར་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ》《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས〉དང་〈མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག〉ལ་ཞིབ་བཤེར་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ》གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་རེད། སྡེ་ཁག་ཁག་ཅིག་གིས་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་དང་སྒྲུབ་རྒྱུར་ལྟ་སྐུལ་བྱས་ཚུལ་སྐོར་གྱི་སྙན་ཞུ་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན།《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ》གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། མི་དོན་བསྐོ་འཐེན་དོན་ཚན་གྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན། ཀྲུའུ་རིན་གྲོས་ཚོགས་ཐོག་གོང་གསལ་གྱི་གྲོས་དོན་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་དོན་ནང་འཇུག་རྒྱུར་མོས་མཐུན་བྱས་ཡོད།
ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི〈མཚོ་སྔོན་ཞིང་ཆེན་གྱི2026ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ>སྐོར་གྱི་གྲོས་ཞིབ་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི<མཚོ་སྔོན་ཞིང་ཆེན་གྱི2026ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ>ཡི་གྲོས་ཞིབ་བསམ་འཆར》འཆར་ཟིན་གནས་ཚུལ་གྱི་སྙན་ཞུར་ཉན་པ་རེད། འབྲེལ་ཡོད་དོན་ཚན་གྱི་སྙན་ཞུར་ཉན་ནས། ཀྲུའུ་རིན་གྲོས་ཚོགས་ཐོག་གོང་གསལ་གྱི་སྙན་ཞུར་མོས་མཐུན་བྱས་པ་རེད།