
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས་4ཉིན་བསྟན་དོན། ཨུ་རུ་སུའི་དམག་དཔུང་གིས་འདས་པའི་གཟའ་འཁོར་གཅིག་གི་ནང་ཝུའུ་ཁོ་ལན་གྱི་དམག་དོན་དམིགས་ཡུལ་ལ་གཞི་ཁྱོན་ཆེ་བའི་རྡུང་རྡེག་ཐེངས་གཅིག་དང་ཚོགས་པའི་རྒོལ་རྡུང་ཐེངས་བཅུ་བདུན་བཏང་བ་དང་། ཧའར་ཁོ་ཧྥུ་དང་ཏུན་ཉེ་ཚི་ཁེ་སོགས་ས་ཁུལ་མང་པོའི་སྡོད་དམངས་ས་གནས་15ཚོད་འཛིན་བྱས།
ཚེས་བཞི་ཉིན་ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙི་ལིན་སི་ཅི་ཡིས་བསྟན་དོན། ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཧྥི་གྲོང་ཁྱེར་ལྟེ་གནས་སུ་ཡོད་པའི་ཝུའུ་ཁོ་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་སྤྱི་ཁྱབ་ཁང་ལ་ཚེས་བཞི་ཉིན་ཨུ་རུ་སུའི་དམག་དཔུང་གི་མི་མེད་གནམ་གྲུས་འཇབ་རྒོལ་ཕོག་ཅིང་། ཝུའུ་ཁོ་ལན་ཕྱོགས་ཀྱིས་ཨུ་རུ་སུའི་ཕྱོགས་ལ་འདྲ་མཚུངས་ཀྱི་རྒོལ་ལན་སློག་རྒྱུ་ཡིན།
འཇར་མན་གྱིས་ཨུ་རུ་སུ་རུ་བཅའ་སྡོད་བྱས་ཡོད་པའི་པོ་ཨུན་སྤྱི་ཁྱབ་གཞུང་ཚབ་ཁང་གི་མི་སྣ་དུས་བཀག་ནང་ས་མཚམས་ནས་བྲལ་དགོས་བའི་རེ་བ་བཏོན་ཞིང་། ཨུ་རུ་སུས་འཇར་མན་ཕྱོགས་ཀྱི་གཏན་འབེབས་ལ་གཞི་འཛིན་ས་གང་ཡང་མེད་པ་བསྟན།
དེ་ལས་གཞན་ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཚེས་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། འཇར་མན་པོ་ཨུན་དུ་བཅའ་སྡོད་བྱས་ཡོད་པའི་ཨུ་རུ་སུའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་ཁེ་ལ་སི་ཉི་ཚེ་ཅི་ཡིས་བསྟན་དོན། འཇར་མན་གྱིས་སྤྱི་ཁྱབ་གཞུང་ཚབ་ཁང་འདིའི་ལས་སྒྲུབ་མི་སྣ་70ལྷག་ཟླ་9པའི་ཚེས་18ཉིན་གྱི་སྔོན་ལ་ས་ཆ་དེ་ནས་བྲལ་དགོས་བའི་རེ་བ་བཏོན། ཁོས་བཤད་རྒྱུར། འཇར་མན་ཕྱོགས་ཀྱི་གཏན་འབེབས་ལ་གཞི་འཛིན་ས་གང་ཡང་མེད་པས་ཡིད་སྐྱོ་བ་ཞིག་རེད། དེའི་སྔོན་འཇར་མན་ཕྱོགས་ཀྱིས་ ཨུ་རུ་སུ་ནི་འཇར་མན་ཤར་རྒྱུད་ཀྱི་ལའེ་པེ་ཞི་ལ་མི་མེད་གནམ་གྲུས་འཇབ་རྒོལ་བྱས་ནས་ཕམ་ཉེས་བྱུང་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པས། ཨུ་རུ་སུ་རུ་བཅའ་སྡོད་བྱས་ཡོད་པའི་པོ་ཨུན་སྤྱི་ཁྱབ་གཞུང་ཚབ་ཁང་གི་སྒོ་རྒྱག་རྒྱུའི་གཏན་འབེབས་བྱས་ཚུལ་བསྟན།