ཁྱིམ་ཚང་མང་པོའི་དོན་དག་ལ་འགན་ལེན་དང་བདེ་འཇགས་དྲ་རྒྱ་བརྟན་པོར་བཏང་སྟེ་དུས་རབས་གསར་པའི་གཞི་རིམ་བཅོས་སྐྱོང་གི་དམངས་འཚོའི་རྒྱུགས་ལན་འབྲི།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་རྡོ་ལྟ་བུ་ཡིན། ཕྱོགས་གཅིག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་དང་། ཕྱོགས་གཅིག་ཁྱིམ་ཚང་ཁྲི་སྟོང་མང་པོའི་དམངས་འཚོ་དང་འབྲེལ་བ་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན“གཞི་རིམ་སྟོབས་ཆེར་ཕྱིན་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་བ་དང་།གཞི་རིམ་བདེ་ན་གནམ་འོག་བདེ་ཐུབ་པས། ངེས་པར་དུ་གཞི་རིམ་བཅོས་སྐྱོང་གི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་གྱི་བྱ་བར་དམ་འཛིན་ལེགས་པོ་བྱེད་དགོས།”།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ས་གནས་སོ་སོས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་བསྟར་བྱས་ཏེ། འགལ་བ་ཐོག་མ་ནས་སེལ་ཐབས་དང་། ཞབས་ཞུ་ཁྱིམ་གྱི་སྒོ་འགྲམ་དུ་སྐྱེལ་ནས།  མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་པར་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་མཐོར་འདེགས་སུ་བཏང་། 

ཀྲེ་ཅང་ཀྲུའུ་ཅི་ཧྥེང་ཡོན་སྡེ་བར་ཁྱིམ་ཚང་ཁ་ཤས་ལ་ཉི་འོད་སྤྱིལ་བུའི་ནང་ཆུ་ཐིགས་པའི་དབང་གིས་ཕྱིར་སྐྱོད་ལ་གེགས་རྐྱེན་ཐེབས་ནས་ཁ་རྩོད་བྱུང་བ་དང་། སྡེ་བའི་ལས་བྱེད་པས་དུས་ཐོག་ཏུ་ཐེ་གཏོགས་བྱས་ཏེ་འགལ་བ་སྡེ་བའི་ནང་དུ་སེལ། “ཧྥེང་ཆའོ་ཉམས་མྱོང”གི་ཁུངས་གནས་ཡིན་པའི་ཆ་ནས། ས་གནས་ཀྱིས་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་གི“མདུན་ཕྱོགས་ཀྱི་སོ་ལྟ”ཞང་དང་གྲོང་རྡལ་ནས་སྡེ་བའི་རིམ་པར་བསྐྱེད་དེ། ངེས་པ་དོན་གྱིས“དོན་ཆུང་སྡེ་བ་ནས་ཐག་གཅོད་བྱེད་པ་དང་། དོན་ཆེན་གྲོང་རྡལ་ནས་ཐག་གཅོད་བྱེད་པ། འགལ་བ་གོང་ལ་མི་ཞུ་བ”བཅས་མངོན་འགྱུར་བྱས།  “ཧྥེང་ཆའོ་ཉམས་མྱོང”ནི་གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་རྩ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་ལེགས་པོ་གཏོང་བ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱེད་པ། མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་པ། མི་དམངས་མང་ཚོགས་ལ་བརྟེན་ནས་གནད་དོན་གཞི་རིམ་དུ་ཐག་གཅོད་དང་། གནད་དོན་བྱུང་མ་ཐག་ཐག་གཅོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བསྟན་དོན། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་མང་སྔོན་འགོག་དང་འདུམ་འགྲིག་ཐག་གཅོད་ཀྱི་ཕྱོགས་བསྡུས་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མང་ཚོགས་གནད་དོན་ལ་འཕྲད་སྐབས་ཐག་གཅོད་བྱེད་ས་ཡོད་དགོས་པ་བསྟན། 

རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཏུ། ས་གནས་སོ་སོས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་བསྟར་བྱས་ནས།གཞི་རིམ་བཅོས་སྐྱོང་གསར་གཏོད་ཀྱི་ལག་ལེན་མགྱོགས་མྱུར་ངང་སྤེལ་ཏེ་ཕན་འབྲས་མངོན་གསལ་ཐོབ། སྔོན་ཆད་ཁྱིམ་མཚེས་བར་གྱི་རྩོད་གཞི་དང་།ངལ་རྩོལ་གྱི་རྩོད་གཞི།སྡེ་ཁག་བརྒལ་བའི་གནད་དོན་དེ་དག   རྒྱུན་དུ“སུ་བཙལ་ནས་ཐག་གཅོད་བྱེད་པ་དང་།སུས་འདུམ་འགྲིག་བྱེད་པ།འདུམ་འགྲིག་བྱས་ན་བརྩི་མིན”བཅས་ཀྱི་གནས་སུ་གྱུར་ཡོད། ཅང་ཤིས་ཅིང་ཏེ་ཀྲེན་ཁྲང་ཅང་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ། སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་། ཁྲིམས་འཛིན་ལས་ཁུངས།  ཡིག་སྐུར་ངོ་གཏུག  མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་གཅིག་གྱུར་ངང་བཅའ་སྡོད་བྱས་ནས། གཅིག་འཐུས་རྣམ་པས་རེ་ཞུ་དང་ལེན་དང་། དཀྱུས་གཅིག་ཏུ་འགལ་བ་སེལ་བཞིན་ཡོད།  ད་ལྟ། རྒྱལ་ཡོངས་སུ་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འདི་ལྟ་བུ་རིགས2849བསྐྲུན་ནས། རྫོང་ཁོངས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་སྟེ། ད་ལོའི་ལོ་སྟོད་དུ་འགལ་བ་དང་རྩོད་གཞི་ས་ཡ་བདུན་ཆིག་འབུམ་ཉིས་ཁྲི་ཁྲིམས་ལྟར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་། 

འགལ་བ་སེལ་རྗེས་འཚོ་བ་སྐྱིད་པོ་སྐྱེལ་དགོས། དུས་རབས་གསར་པ་ནས་བཟུང་།ས་གནས་ཁག་གིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གནད་དོན་ལ་གཞིགས་ནས་གནད་འཁེལ་ཇུས་འདོན་བྱས་ཏེ། མང་ཚོགས་ཀྱི་རེ་སྒུག་ལ་དུས་ཐོག་ཏུ་ཕྱིར་ལན་སློག  ཀུའེ་དབྱང་ཧུང་ཡན་ཏུང་ཅུན་སྡེ་ཁུལ་དུ་རྒན་པས་ཟ་མ་ཟ་དཀའ་བ་དང་ལྟ་རྟོག་བྱེད་དཀའ་བར་དམིགས་ཏེ། སྡེ་ཁུལ་གྱི་སྤྱི་ཕན་རོགས་རེས་ཞབས་ཞུ་ས་ཚིགས་བསྐྲུན་ནས།  བཟའ་བཏུང་དང་། སྨན་བཅོས། ལྟ་སྐྱོང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས།  མཁར་སྔོན་པོའི་ཧྥུའུ་ཞིན་སྡེ་ཁུལ་དུ་བེད་མེད་བར་སྟོང་སྤྱད་དེ་ཀུན་ཕན་གསོ་སྐྱོང་ས་ཚིགས་ནང་འདྲེན་བྱས་ནས། བྱིས་པའི་བྱེད་སྒོ་སྤེལ་ཡུལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་།རྒན་གསོའི་ཞབས་ཞུ་དང་ལོ་ཆུང་བྱིས་པའི་ཚབ་སྐྱོང་གཉིས་ལ་མཉམ་དུ་ལྟ་རྟོག་བྱས་ཏེ་ན་ཚོད་ཡོངས་ཀྱི་མཛའ་མཐུན་སྡེ་ཁུལ་བསྐྲུན། 

 མཁར་སྔོན་པོ་གྲོང་ཁྱེར་ཧྥུའུ་ཞིན་སྡེ་ཁུལ་གྱི་སྡོད་དམངས་ཀྲའོ་ལན་སའོ་ཡིས་བཤད་རྒྱུར།  སྒོ་རྩིས་ཚོང་ཁང་ཡོད་ལ། རྒན་པར་ཞབས་ཞུ་བྱ་ཡུལ་ཀྱང་ཡོད། ད་དུང་བུ་བཅོལ་ཁང་དང་སྡེ་ཁུལ་གྱི་སྨན་བཅོས་ཁང་བཅས་ཡོད།  ང་ཚོར་འདི་ནས་ཡིད་ཚིམས་ལ་སེམས་ཡང་སྐྱིད་པོ་རེད། 

ཁྲེང་ཏུའུ་རུ། ཀོང་ཧྭ་ནུབ་ལམ་གཉིས་པའི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་དེ་གཞིས་ཁུལ་གྱི་སྒོ་འགྲམ་དང་བར་ཐག་སྨི50ནས་སྨི5བར་སྤོས་པས། རྒན་པ་ཐོག་ཁང་ནས་སར་བབས་ཚེ་རླངས་འཁོར་ལ་བསྡད་དེ་སྔོ་ཚལ་ཉོ་ཐུབ་པ་རེད།  བལྟས་ཚོད་ཀྱིས་དོན་དག་ཆུང་ཆུང་ཞིག་ཡིན་རུང་དོན་དངོས་སུ་ཁྲེང་ཏུའུ་སྤྱི་སྤྱོད་རླངས་འཁོར་གྱིས་ས་ཚིགས9086ཚང་མར་གྲལ་བཤེར་ཐེངས་གཅིག་བྱས། ད་ལྟ་ས་ཚིགས234གཞིས་ཁུལ་དང་། ས་འོག་ལྕགས་ལམ།སྨན་ཁང་།སློབ་གྲྭ་བཅས་ཀྱི་ཕྱོགས་སུ་བཅར་ནས། “ས་ཚིགས་ཡོད་པ”དེ“སྔར་བས་སྟབས་བདེ”ཕྱོགས་སུ་རིམ་སྤོར་བྱས། གྲོང་ཁྱེར་བཅོས་སྐྱོང་དེ“ཡོད་མེད་”ནས“བཟང་མིན་དང་སྟབས་བདེ་མིན”གྱི་ཕྱོགས་སུ་བསྒྱུར་བ་དེ།རྒྱལ་ཁབ་བཅོས་སྐྱོང་ཞིབ་ཚགས་ཅན་གྱི་ཆེས་ཐད་མཐོང་གི་མཆན་འགོད་ཅིག་རེད། 

ཁྲེང་ཏུའུ་ཡི་སྡོད་དམངས་ཨ་ནེ་ཁྲེན་གྱིས་བཤད་རྒྱུར། ང་ཚོ་སྔོ་ཚལ་ཉོ་རུ་འགྲོ་ན་ད་ལྟ་ཐོག་ཁང་ནས་སར་བབས་ན(སྤྱི་སྤྱོད་རླངས་འཁོར)ས་ཚིགས་སུ་ཐོན་ཐུབ་པས། མང་ཚོགས་ལ་སྟབས་བདེ་རེད།  

མང་ཚོགས་ཀྱི་དོན་དག་ལེགས་པོ་བསྒྲུབ་དགོས་ན་མི་ཁོ་ནར་བརྟེན་ན་མི་འདང་བར་ད་དུང་གཞི་གྲངས་ལ་བརྟེན་དགོས། ད་ལོའི་དབྱར་ཁར་རྒྱ་མཚོའི་རླུང་འཚུབ་ཀྱི་དུས་ཚིགས་སུ། ཅང་སུའུ་ཁྲང་ཀྲོའུ་རུ་བརྙན་ལམ་ཉིས་ཁྲི་བརྒྱད་སྟོང་དང་། མི་མེད་གནམ་གྲུ150།  འབྲེལ་གཏུག་ཁ་པར12345དང་། མང་ཚོགས་ཀྱིས་བླངས་པས་བརྙན་པར་ཡོངས་དྲ་རྒྱ་གཅིག་ཏུ་བསྡུས་པ་དང་། སྡོང་བོ་འགྱེལ་བ་དང་ཁྲོན་པའི་ཁ་ལེབ་ལྷོད་པ་སོགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྐར་མ་བཅུའི་ལྷག་རིང་ཐག་གཅོད་སྡེ་ཁག་ཏུ་མངགས་གཏོང་བྱས། 

ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་གཞི་གྲངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཐོན་གྱིས་བཤད་རྒྱུར། མང་ཚོགས་ཀྱིས་གང་བྱུང་དུ་བླངས་པའི་བརྙན་པར་དང་དྲ་རྒྱའི་མི་སྣའི་སྐོར་ཞིབ། འབྲེལ་གཏུག་ཁ་པར་ཐོན་པ་སོགས་ཐབས་ལམ་མང་པོའི་གནད་དོན་ཡོངས་བཅོས་སྐྱོང་དྲ་རྒྱ་གཅིག་ཏུ་བསྡུས་ནས། གཅིག་གྱུར་གྱིས་ཁག་བགོས་དང་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་བྱེད་བཞིན་ཡོད།

སྲིད་གཞུང་གིས་འགན་སྒྲུབ་ལེགས་པོ་བྱས་ན། མང་ཚོགས་ཀྱང་རྗེས་འདེད་ཟབ་ཞུགས་བྱེད་དགོས། མང་ཚོགས་རང་སྐྱོང་ནི་གཞི་རིམ་བཅོས་སྐྱོང་གི་ནང་སྐྱེས་སྒུལ་ཤུགས་ཡིན། ར་སྐོར་གྲོས་དོན་ཐིང་དང་སྒོ་རའི་གྲོས་ཚོགས། གཉེན་སྟོན་འདས་མཆོད་ལས་འཛིན་ལྷན་ཚོགས་སོགས་ཀྱིས་གཞི་རིམ་རང་སྐྱོང་གི་ཉམས་བཟང་དང་དེང་རབས་ཁྲིམས་སྐྱོང་གཉིས་མཉམ་འདྲེས་བྱས་ཡོད། ད་ལོར། གསར་དུ་བཟོ་བཅོས་བྱས་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བཅའ་ཁྲིམས་དང་གྲོང་ཁྱེར་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་བྱས་ནས། སྡེ་ཁུལ་འབུམ་གཅིག་ལྷག་དང་སྲིད་འཛིན་སྡེ་བ་འབུམ་བཞི་ལྷག་གི་འགན་དབང་སྔར་ལས་གསལ་བོ་བྱས་པ་དང་ཐོན་ཁུངས་སྔར་ལས་མོད་པར་བྱས།

འགོ་རྩོམ་ས་གསར་བར་རྐང་ཚུགས་ནས། དུས་རབས་གསར་བའི་གཞི་རིམ་བཅོས་སྐྱོང་གིས་ཏང་འཛུགས་སྣེ་ཁྲིད་གཞི་རྩ་དང་སྣ་མང་མཉམ་སྐྱོང་ཐབས་ལམ། ཚན་རྩལ་ནུས་འདོན་འདེགས་སྐྱོར། འགལ་རྩོད་གཙང་སེལ་ཚད་མཐའ། དམངས་འཚོའི་ཞབས་ཞུ་དཀྱིལ་སྙིང་དུ་བྱས་པའི་བཅོས་སྐྱོང་མ་ལག་ཧུར་ཐག་གིས་གསར་སྐྲུན་བྱས་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིངས།

པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་སྤྱི་ཚོགས་དོ་དམ་ཞིབ་འཇུག་གླིང་གི་གླིང་གཙོ་ལི་ཐའོ་ཡིས་བཤད་རྒྱུར། རྒྱལ་སྐྱོང་བདེ་འགོད་བྱེད་ན་གཞི་རིམ་གཙིགས་དུ་འཛིན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་ལྡན་ཡིན་ལ། གཞི་རིམ་བདེ་འཇགས་བྱུང་ན་གནམ་འོག་བདེ་འཇགས་ཡིན་པའི་ཆོད་གཏམ་གལ་ཆེན་གྱིས། གཞི་རིམ་བཅོས་སྐྱོང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་རྨང་རྡོ་ལྟ་བུའི་གོ་གནས་ཟིན་པ་གསལ་སྟོན་བྱས་ཡོད། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་ན། ངོ་བོའི་ཐོག་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དེ་ཡིན་པས། སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་ཕྱིར་ལན་འདེབས་པ་དང་། མི་ཚང་ཚར་འགན་འཁྲི་ཡོད་པ་དང་མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ། མི་ཚང་མས་ལོངས་སྤྱོད་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་བཙུགས་ནས། སྲ་བརྟན་ནུས་ལྡན་གྱི་གཞི་རིམ་སྐྱོང་མཁས་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་པ་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་དགོས།