སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི《སྒྲ་དུང་ཆུང་ཆུང》ཞེས་པའི་ལེ་ཚན་གཏོང་འགོ་ཚུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པར་ཚུར་སྣང་དྲག་པོ་བྱུང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

​སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི《སྒྲ་དུང་ཆུང་ཆུང》ཞེས་པའི་ལེ་ཚན་གཏོང་འགོ་ཚུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པས་ལས་བྱེད་པ་ཡོངས་དང་བྱིས་པའི་རིག་རྩལ་ལས་བྱེད་པ། སློབ་གསོ་ལས་སྒྲུབ་པ་རྣམས་ཀྱི་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་གསུང་ཡིད་ལ་བརྟན་པོར་བཅངས་ནས། དུས་རབས་གོང་འཕེལ་གྱི་འགྲོས་དང་བསྟུན་ཏེ། བྱིས་པའི་རིག་གནས་ཀྱི་ཞིང་ས་གཤིན་པོའི་རྨང་གཞི་གཏོང་བ་དང་། སེམས་པ་རྣམ་དག་གིས་ཕྲུ་གུ་ཚོས་དགའ་ཞེན་དང་དགའ་བསུ་ཐོབ་པའི་བརྩམས་ཆོས་ལེགས་པོ་གསར་རྩོམ་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་བར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན། 

《སྒྲ་དུང་ཆུང་ཆུང》ནི་སྤྱི་ལོ1956ལོའི་ཟླ9ཚེས4ཉིན་ཐོག་མར་བཏང་བའི་ཀྲུང་གོ་གསར་བས་སློབ་ལོ་མ་རན་གོང་གི་ཕྲུ་གུར་ཆེད་དུ་བཟོས་པའི་རྒྱང་བསྒྲགས་ལེ་ཚན་ཐོག་མ་ཡིན་པ་མ་ཟད། ད་ལྟའང་རྒྱང་བསྒྲགས་དང་བརྙན་འཕྲིན། སྨྱན་སྦྱོར་གསར་པ། སློབ་གྲྭ་ཁག་གི་རྒྱང་བསྒྲགས་ས་ཚིགས་སོགས་གཅིག་ཏུ་འདུས་པའི་སྤུས་རྟགས་ཅན་གྱི་ལེ་ཚན་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་རྟེན་འབྲེལ་འཕྲིན་ཡིག་ནང་དུ།"ལོ་ངོ་བདུན་ཅུའི་རིང་ལ། 《སྒྲ་དུང་ཆུང་ཆུང》ཞེས་པའི་ལེ་ཚན་གྱིས་'ཕྲུ་གུ་ཚོར་གཏམ་རྒྱུད་ཡག་པོ་བཤད་རྒྱུ'རྒྱུན་འཁྱོངས་བྱས་པ་དེས། མི་རབས་རེ་རེའི་ལོ་ཆུང་བྱིས་པ་ཚོ་འཚར་ལོངས་ཡོང་བར་རོགས་རམ་བྱས་ཡོད་"ཅེས་གསུངས། མི་མང་པོས་སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་དེས་ཏང་ཀྲུང་དབྱང་གིས་གཞོན་ནུ་མང་པོར་བྱམས་བརྩེས་སྐྱོང་བ་དང་། བྱིས་པའི་རིག་རྩལ་བྱ་གཞག་ལ་མཐོང་ཆེན་གནང་བ་མཚོན་ཡོད་པ་མ་ཟད། དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ལ་སྐུལ་མ་ཤུགས་ཆེན་ཐེབས་འདུག་ཞེས་བསྟན། 

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི《སྒྲ་དུང་ཆུང་ཆུང》ལེ་ཚན་གྱི་མདོ་འཛིན་པ་ཞུའུ་ཝེན་ཡན་གྱིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་བ་དེར་ང་རང་དགའ་སྤྲོ་ཚད་མེད་སྐྱེས་ཤིང་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་སོང་། ང་ཚོས་མུ་མཐུད་ནས་ཕྲུ་གུ་ཚོར་གཏམ་རྒྱུད་ཡག་པོ་བཤད་པ་དང་། མི་རབས་རེ་རེ་དང་མཉམ་དུ་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་འདེགས་བྱ་ངེས་ཡིན། 

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་བྱིས་པའི་འཕྲིན་ལམ་རྩོམ་སྒྲིག་པུའུ་ཡི་ཀྲུའུ་རེན་གཞོན་པ་ལི་ཞའོ་པིན་གྱིས་བཤད་རྒྱུར།  ལོ་ངོ་བདུན་ཅུའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད། 《སྒྲ་དུང་ཆུང་ཆུང》གིས་ཕྲུ་གུ་ཚོར་སྒྲུང་གྲངས་མེད་ཅིག་བཏང་མྱོང་། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་གསུང་ཡིད་ལ་བརྟན་པོར་བཅངས་ཏེ། སེམས་རྣལ་མོ་དང་བརྩེ་བ་ཟབ་མོས་བདེན་དགེ་མཛེས་གསུམ་ཁྱབ་སྤེལ་བྱས་ནས་ཕྲུ་གུ་ཚོའི་དགའ་ཞེན་འཐོབ་པའི་བརྩམས་ཆོས་ཕུལ་བྱུང་གང་མང་གསར་རྩོམ་བྱས་ཐོག   《སྒྲ་དུང་ཆུང་ཆུང》འདི་སྔར་ལས་ཇེ་ལེགས་སུ་སྒྲུབ་པ་དང་། ཡག་ཐོག་ཡག་བརྩེགས་བྱེད་དགོས།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི《སྒྲ་དུང་ཆུང་ཆུང》ལེ་ཚན་གྱི་མདོ་འཛིན་པ་ཀྲེང་ཅིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་འདིས་བྱིས་པའི་ལེ་ཚན་གསར་གཏོད་མཁན་མི་རབས་རེ་རེར་ཐུགས་ཁུར་ཟབ་མོ་གནང་བ་མཚོན་པ་ཙམ་མ་ཡིན་པར། 《སྒྲ་དུང་ཆུང་ཆུང》གིས་མུ་མཐུད་དུ་གཞོན་ནུ་ལོ་ཆུང་ཚོའི་བསམ་བློའི་ཞིང་ཁམས་བསྐྲུན་པར་རེ་བ་ནན་མོ་བཅོལ་བ་ཡང་མཚོན་ཡོད། དུས་རབས་གསར་བའི《སྒྲ་དུང་ཆུང་ཆུང》གིས་སྨྱན་བྱད་གསར་བའི་བརྒྱུད་སྤེལ་བྱེད་སྟངས་ཀྱི་རྣམ་པ་དང་མཐུན་པར་འབད་བརྩོན་བྱས་ཏེ་མཐོང་ཐོས་ཟུང་འབྲེལ་གྱི་རྣམ་པར་བསྒྱུར་བཅོས་བྱས་ཏེ། འཚོ་བ་དངོས་དང་མཐུན་ཞིང་ཕྲུ་གུ་ཚོས་ལྟ་འདོད་ཉན་སྤྲོའི་ནང་དོན་སྤུས་ལེགས་ཅན་མང་པོ་འདོན་སྤྲོད་བྱ་རྒྱུ་ཡིན།

བྱིས་སྒྲུང་རིག་གནས་ཀྱི་རྩོམ་པ་པོ་པའེ་པིང་གིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་འདིས་ང་ཚོ་ལ་སྐུལ་སློང་ཆེན་པོ་ཐེབས་པ་མ་ཟད་བསླབ་བྱ་ནན་མོ་བསྩལ་བྱུང༌། ངའི་རྩོམ་རིག་གི་ལམ་བུ་དང་རྩོམ་སྒྲིག་པའི་ལས་ཀ་ཚང་མ《སྒྲ་དུང་ཆུང་ཆུང》ཉན་པ་ལས་འཚར་ལོངས་བྱུང་བ་ཡིན། སྔོན་དུས་ཀྱི་སྐད་སྒྲའི་ཀློག་སྟངས་ཀྱིས་མི་ཚེ་གང་བོར་ཤུགས་རྐྱེན་ཐེབས་སྲིད་པ་དང༌། 《སྒྲ་དུང་ཆུང་ཆུང》གི་ཐུན་མོང་མ་ཡིན་པའི་ལེགས་ཆ་ནི་ཀྲུང་གོའི་མི་རབས་ཁ་ཤས་ཀྱི་བྱིས་པའི་རྣ་བའི་ཀློག་སྟངས་མ་ལག་བསྐྲུན་པ་དེ་ཡིན་ཞིང༌། དེས་ཀྲུང་གོའི་བྱིས་པའི་རིག་གནས་འཛུགས་སྐྲུན་དང་རྨང་གཞིའི་སློབ་གསོར་ཚབ་བྱེད་ཐབས་བྲལ་བའི་བྱས་རྗེས་ཁྱད་པར་ཅན་བཞག་ཡོད། 

སྤྱི་ཁྱབ་ཧྲུའུ་ཅིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། “མི་ལྟེ་བར་འཛིན་པའི་རྩ་དོན་ལག་བསྟར་མཐར་ཕྱིན་བྱེད་པ་དང་། དུས་རབས་གོང་འཕེལ་གྱི་འགྲོས་དང་དམ་པོར་སྦྲེལ་ནས། བྱིས་པའི་རིག་གནས་ཀྱི་ཞིང་ས་གཤིན་པོའི་རྨང་གཞི་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། བསམ་པ་རྣམ་དག་གིས་བདེན་དགེ་མཛེས་གསུམ་དར་སྤེལ་ཐུབ་ཅིང་ཕྲུ་གུ་ཚོ་དགའ་བའི་བརྩམས་ཆོས་ཕུལ་དུ་བྱུང་བ་མང་པོ་བརྩམས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་བར་ལེགས་སྐྱེས་གསར་པ་འབུལ་དགོས”ཞེས་གསུངས་པ་ལྟར་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གཞིར་བཟུང་ནས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་དམར་པོའི་རིག་གནས་རྒྱུད་འཛིན་དར་སྤེལ་བྱེད་པ་དང་ཆབས་ཅིག གསར་གཏོད་གསར་སྐྲུན་ཧུར་ཐག་བྱས་ཏེ་བསམ་པའི་རྒྱགས་ཕྱེ་ཡག་ཤོས་སྤྱད་ནས་ཕྲུ་གུ་ཚོའི་སེམས་ཁམས་བདེ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་བསྟན། 

པེ་ཅིང་མཁར་ནུབ་ཁུལ་ཅིན་ཧྭ་ཚོད་ལྟའི་སློབ་ཆུང་གི་སློབ་གཙོ་ལིས་ཞུའེ་མེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ནི་ཁ་ཕྱོགས་ཤིག་དང་སྐུལ་འདེད་ཅིག་ཡིན་ལ། སྒུལ་ཤུགས་ཤིག་ཀྱང་རེད། ང་ཡང་མི་གཞན་པ་མང་པོ་དང་འདྲ་བར《སྒྲ་དུང་ཆུང་ཆུང》ཉན་ནས་ནར་སོན་པ་ཡིན། དེས་ན《སྒྲ་དུང་ཆུང་ཆུང》གིས་མི་རབས་ནས་མི་རབས་བར་གྱི་བྱིས་དུས་ལ་དྲན་རྟེན་ཡག་པོ་མང་པོ་བཞག་ཡོད་པ་མ་ཟད། ང་ཚོས་ཕྲུ་གུ་ཚོར་འབྲེལ་འདྲིས་བྱེད་སྐབས་པུས་མོ་བཙུགས་ནས་ལུས་པོ་སྒུར་དགོས་པ་དང་། ཁོ་ཚོའི་ལྷད་མེད་དང་རྩེད་མཚར་ཀྱི་སེམས་པ་དྭངས་མོར་སྲུང་སྐྱོབ་བྱེད་དགོས་ལ།  དུས་རབས་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་ལ་བསྟུན་ནས་རིག་གནས་ཀྱི་རྟེན་གཞི་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ་ཡར་སྐུལ་གྱི་ནུས་བ་འདོན་དགོས།

པེ་ཅིང་གྲོང་ཁྱེར་པེ་ཧའེ་བྱིས་སྐྱོང་ཁང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཝང་ཞིན་གྱིས་བཤད་རྒྱུར། ཀྲུང་ཧྭའི་རིག་གནས་ཀྱི་རྩ་བ་དང་། གཤིས་རྒྱུད་བཟང་པོ། མི་ཚེ་གང་བོར་ཕན་པ་བཅས་ཀྱི་གོམས་སྲོལ་འདི་དག་ཚང་མ་གློག་རླབས་དང་བསྟུན་ནས། ཡིག་འབྲུ་རེ་རེ་ཡིས་བྱིས་པ་ཚོའི་སེམས་ཀྱི་ཞིང་ས་བརླན་པར་བྱས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་དུས་རབས་འཕེལ་རྒྱས་ཀྱི་འཕར་རྩ་དམ་པོར་བཟུང་སྟེ། གཞོན་ནུ་ལོ་ཆུང་གི་རིག་གནས་གཤིན་ས་རྨོ་དགོས་པའི་བླང་བྱ་བཏོན། སློབ་སྔོན་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་བྱིས་དུས་ཀྱི་རང་མདངས་ཐེག་ཏུ་འཁུར་ཞིང་།  སློབ་གསོ་དེ་བྱིས་པའི་འཚོ་བའི་ཁྲོད་འདྲེས་པར་བྱས་ཏེ། ཁོ་ཚོས་འཇིག་རྟེན་ལ་རྒྱུས་ལོན་དང་། ཕུགས་འདུན་ལེགས་པོ་གྲུབ་པར་བྱས་ནས། རྩ་བ་དང་བླ་སྲོག་ལྡན་པའི་ཀྲུང་གོ་བ་ཞིག་ཏུ་འགྱུར་བར་རོགས་རམ་བྱེད་དགོས། 

ཀྲུང་གོ་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གི་འགོ་གཙོ་ཀེ་ཏ་ལི་ཡིས་བཤད་རྒྱུར། ང་ཚོས་ལོ་ཆུང་བྱིས་པར་ཞབས་ཞུ་བསྒྲུབ་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤུས་ལེགས་ལ་བརྟེན་ནས་བྱིས་པར་བྱས་རྗེས་འཇོག་པ་དང་། མཛེས་རིག་སློབ་གསོར་བརྟེན་ནས་བྱིས་བློར་ཕན་དགོས་ལ། བྱིས་པའི་ཟློས་གར་གསར་རྩོམ་དང་། གར་སྟེགས་སྟེང་འཁྲབ་སྟོན། སྒྱུ་རྩལ་ཁྱབ་གདལ། མཛེས་དཔྱོད་སློབ་གསོ་ཁྱབ་སྤེལ་བཅས་མུ་མཐུད་དུ་གཏིང་ཟབ་བཏང་ནས། འགྲེང་ཐུབ་པ་དང་། ཁྱབ་ཐུབ་པ། བྱིས་པ་ལྟ་རྒྱུར་དགའ་བ་བཅས་ཀྱི་ཕུལ་བྱུང་ན་ཆུང་སྒྱུ་རྩལ་བརྩམས་ཆོས་སྐོར་ཞིག་རྩོམ་གང་ཐུབ་བྱེད་དགོས།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་སྤྱི་ཁྱབ་ལས་ཁུངས་ཀྱི《སྒྲ་དུང་ཆུང་བ》ལེ་ཚན་གྱི་མདོ་འཛིན་པ། དཔྱིད་ཀྱི་དཔལ་མོའི་ཨ་ཅེ་ཏའེ་ཡིང་གིས་བཤད་རྒྱུར། ང་ཚོས་སྐུལ་ལྕག་འདི་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་དུ་བསྒྱུར་དགོས་པ་དང་། མང་ཚོགས་ཚབ་ཞུགས་དང་ཕྱོགས་མང་མཉམ་བསྐྲུན་གྱི་དཔེ་དབྱིབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྐད་ཆ་ཤོད་རེས་གསར་གཏོད་བྱེད་པ་དང་། བྱིས་པ་ཚོར་ཀྲུང་གོའི་གཏམ་རྒྱུད་བརྗོད་པ་དང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ལེགས་པོ་བཤད་ནས། གསར་བརྗེའི་གཞི་རྒྱུ་དང་རིག་གནས་ཀྱི་གདེང་ཚོད་ཀྱིས་ལོ་ཆུང་བྱིས་པའི་སེམས་ཁམས་བརླན་པར་བྱས་ཏེ། 《སྒྲ་དུང་ཆུང་བ》ཞེས་པའི་ལེ་ཚན་ལེགས་པོ་འདིས། དུས་རབས་གསར་བའི་གྲོགས་པོ་ཆུང་ཆུང་འགུག་ཐུབ་པར་བྱེད་དགོས།