
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཁྲལ་བསྡུའི་གཞི་གྲངས་གསར་བ་ལྟར་ན། ད་ལོའི་ལོ་སྟོད་དུ་གྲོང་ཁྱེར་གསར་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་དོན་ཚན་སོ་སོའི་ཁྲལ་དངུལ་སྲིད་ཇུས་ལེགས་པོས་རིམ་རྩིས་བྱས་ན་ཁྲལ་འཕྲི་ཡོན་གཅོག་དང་ཁྲལ་སློག་སྒོར་ཁྲག་ཁྲིག་བཞི་ཐེར་ཆེན་བརྒྱད་ཐེར་འབུམ་བདུན་བཏང་།
དེའི་ནང་། སྤྱི་མཐུན་གླ་ཁང་གི་ཁྲལ་འཇལ་མི་དགོས་བའི་ཐང་འཕར་དཔྱ་ཁྲལ་དང་གན་ཁྲལ། གྲོང་མིས་སྡོད་ཁང་བརྗེས་ཉོའི་སྒེར་འབབ་དཔྱ་ཁྲལ་བཅས་ལ་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས། མང་ཚོགས་ཀྱི་དགོས་འཁོ་སྐོང་བ་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོ་སྐོང་བར་རྒྱབ་སྐྱོར་བྱས་ནས་ཁྱོན་བསྡོམས་ཁྲལ་འཕྲི་ཡོན་གཅོག་དང་ཁྲལ་སློག་སྒོར་ཁྲག་ཁྲིག་གཉིས་ཐེར་འབུམ་དགུ་དུང་ཕྱུར་བརྒྱད་བཏང་ཡོད་པ་རེད། དེ་དང་མཉམ་དུ། རྒན་གསོ་དང་བྱིས་བཅོལ། ཁྱིམ་ལས་སོགས་སྡེ་ཁུལ་གྱི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་གྲོན་གཟིགས་སྐྱོང་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས།
གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་དང་བསྒྱུར་བཀོད་བྱེད་པའི་ཐད། ཁེ་ལས་ཀྱིས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ལ་མ་དངུལ་འཇོག་པར་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་ལག་བསྟར་བྱེད་པ་དང་། འགྲིམ་འགྲུལ་མ་ལག་གི་བཀོལ་སྤྱོད་ས་ཆར་གྲོང་ཁྱེར་གྱི་ས་ཆའི་དཔྱ་ཁྲལ་འཇལ་མི་དགོས། དེ་དང་མཉམ་དུ། གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ཁེ་ལས་ཀྱིས་སྤྱི་སྤྱོད་རླངས་གློག་འཁོར་ཉོ་སྒྲུབ་བྱེད་པར་དཔྱ་ཁྲལ་འཇལ་མི་དགོས་པ་དང་། ཁེ་ལས་ཀྱིས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཆེད་སྤྱོད་སྒྲིག་ཆས་ཉོ་སྒྲུབ་བར་ཁྲལ་གྲོན་གཟིགས་སྐྱོང་བྱ་རྒྱུ། ལྗང་མདོག་ཐཱན་ཉུང་གི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཁྱོན་བསྡོམས་ཁྲལ་འཕྲི་ཡོན་གཅོག་དང་ཁྲལ་སློག་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་དྲུག་ཐེར་འབུམ་བརྒྱད་དུང་ཕྱུར་བཞིའི་རྒྱབ་སྐྱོར་བྱས།