《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་སྤྱི་བཤད》དཔེ་སྐྲུན་འགྲེམས་སྤེལ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།
ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་དེབ་ཏུ་འགོད་པ་དང་། སློབ་ཁྲིད་ཁྲོད་འཇོག་པ། སེམས་སུ་འཇགས་པ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད།  ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་རྩ་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞིའི་གཙོ་གནད་སློབ་དེབ《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་སྤྱི་བཤད》ཀྱི་དེབ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་མཐོ་ཚད་ནས་འགོ་བརྩམས་ཏེ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁྲོད་ཀྱི་གོ་གནས་གལ་ཆེན་དང་འཐབ་ཇུས་ཀྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཡོད་ལ།  སྐྱེ་ཁམས་དཔལ་ཡོན་གྱི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་ཤུགས་ཆེན་སྐུལ་འདེད་བཏང་བ་དང་།  གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གཞུང་ལུགས་ནས་ལག་ལེན་བར་དུ་ལོ་རྒྱུས་རང་བཞིན་དང་། འགྱུར་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་བར་སྣེ་ཁྲིད་བྱས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གྲུབ་ཡོད།

《སྤྱི་བཤད》ནི་གླེང་གཞི་དང་ལེའུ་དགུའི་གཞུང་དངོས་ཡིས་གྲུབ་པ་ཡིན་ཞིང་། ཁྱོན་བསྡོམས་ཡིག་འབྲུ་འབུམ་གཅིག་ཁྲི་བདུན་ཙམ་ཡོད།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་དང་མཐུན་པའི་མ་ལག   དགོངས་དོན་གྱི་ངོ་བོ།  ཕུན་སུམ་ཚོགས་པའི་ནང་དོན།  ལག་ལེན་གྱི་བླང་བྱ་སོགས་རྒྱུད་རིམ་ལྡན་མའི་སྒོ་ནས་རྒྱས་བཤད་བྱས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད།  དེ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་གནས་ཚུགས་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་འཚོལ་ཞིབ་ལྷོད་མེད་བྱེད་པའི་གཞུང་ལུགས་ཀྱི་ཡར་རྒྱས་དང་ལག་ལེན་གྱི་ཉིང་བཅུད་ཡིན་ལ།  དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་རྩ་བའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། 《སྤྱི་བཤད》ཀྱིས་མ་རྩོམ་དང་མ་ཡིག་ལ་བསྟུན་ཡོད་ལ།  མ་ལག་ཅན་དང་གཞུང་ལུགས་རང་བཞིན་ཅན་འབུར་དུ་ཐོན་པར་བྱས་ཏེ། ལག་ལེན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་དང་། སློབ་ཁྲིད་ཀྱི་དོན་དངོས་དང་མཐུན་པར་བྱས། དེ་ནི་མཐོ་རིམ་སློབ་གྲྭའི་འབྲེལ་ཡོད་ཆེད་ལས་སློབ་མས་རྒྱུད་རིམ་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པའི་སློབ་དེབ་གཙོ་བོ་ཡིན་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་ལེན་པའི་ཀློག་དེབ་གལ་ཆེན་ཡང་ཡིན།