ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པས་སྒོ་འབྱེད་ཀྱི་བར་སྟོང་གསར་པ་བསྐྱེད།
ཁུངས། ཀློག་གྲངས།

ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་ནི་རང་རྒྱལ་གྱི་སྐམ་མཚོ་གཅིག་འདོམས་དང་། རྒྱལ་སྤྱི་དང་རྒྱལ་ནང་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་དང་། ཟོང་འགྲུལ། ཐོན་ལས། ཉོ་ཚོང་བཅས་ཀྱི་དར་ལམ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།  འགྲམ་རྒྱུད་ས་ཁུལ་གྱི་གསར་སྤེལ་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་དང་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་དགོས། ད་ལོ་ནས་བཟུང་། ཆུ་ཚད་མཐོ་བའི་སྒོ་ནས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་ཕྱིན་ཏེ། “སྐམ་མཚོའི་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་སྐྱོར”གྱི་ཕྱི་ཕྱོགས་སྒོ་འབྱེད་རྣམ་པ་གསར་པ་མགྱོགས་མྱུར་ངང་ཆགས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་།

ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་ལས་གྲྭ་སྟེ། ཕིན་ལུའུ་མིས་བཟོས་གཙང་པོ་དེ་ཚེས་བཅུ་དྲུག་ཉིན་ཤར་གཏོང་བྱེད་གྲབས་ཡོད་པ་དང་། མིག་སྔར་ཕིན་ལུའུ་མིས་བཟོས་གཙང་པོའི་ལས་གྲྭ་གཙོ་བོ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐུབ་ནས་གྲུ་གཟིངས་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་ཡོད།

ཕིན་ལུའུ་མིས་བཟོས་གཙང་པོ་ནི་བྱང་ནས་ཀོང་ཞི་ནན་ཉིན་ཧིན་ཀྲོའུ་གྲོང་ཁྱེར་གྱི་ཕིང་ཐང་གཙང་བོའི་མདོ་རུ་འགོ་ཚུགས་ཤིང་། ཆིན་ཀྲོའུ་གྲོང་ཁྱེར་ལིན་ཧྲན་རྫོང་ལུའུ་ཝུའུ་གྲོང་རྡལ་བརྒྱུད་དེ། ཆིན་ཅང་གཙང་པོ་བརྒྱུད་ནས་བྱང་རྒྱུད་མཚོ་ཁུག་ཏུ་སླེབས་ཤིང་། སྤྱིའི་རིང་ཚད་ལ་སྤྱི་ལེ134.2ཡོད། ཏུན་5000རིམ་པའི་གྲུ་གཟིངས་ཤར་གཏོང་བྱེད་ཐུབ། འདི་བསྐྲུན་ནས་གྲུ་གཟིངས་ཤར་གཏོང་ཐུབ་པ་འདིས་ལྷོ་ནུབ་ས་ཁུལ་ནས་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་བར་གྱི་སྐྱེལ་འདྲེན་ལམ་ཐག་ཐུང་ཤོས་ཀྱི་ཆུ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེན་པོ་བཏོད་ཡོད།

ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱི་ཁྱོན་ཡོངས་གཉིས་ལ་རྐང་ཚུགས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན།

2023ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་མཉམ་སྐྲུན་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི་གལ་ཆེན་ཁག་ཅིག་ལག་བསྟར་བྱེད་དགོས་ལ། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་ཕིན་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་བྱེད་པ་དང་།  བྱང་རྒྱུད་མཚོ་ཁུག་གི་རྒྱལ་སྤྱིའི་གཙོ་ཆེའི་གྲུ་ཁ་ཆུ་ཚད་མཐོན་པོར་བསྐྲུན་ནས་གཙང་པོ་དང་ལྕགས་ལམ། མཚོ་འགྲུལ་གསུམ་གྱི་སྣ་མང་མཉམ་འདྲེན་ནུས་པ་དང་རང་འགུལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་བསྟན་དོན། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པ་དེ་“སྐམ་མཚོའི་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས་”ཀྱི་ཕྱི་ཕྱོགས་སྒོ་འབྱེད་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། འབྲེལ་ཡོད་ཕྱོགས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་སྒོས་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་འདི་འཛུགས་སྐྲུན་དང་གཉེར་སྐྱོང་ཡག་པོ་བྱེད་དགོས།

ད་ལོ་ནས་བཟུང་། རྨང་གཞིའི་སྒྲིག་བཀོད་ནས་ཟོང་འགྲུལ་ལས་ཕྱོད་བར་དང་། ཐོན་ལས་མཉམ་འདྲེས་ནས་ཕྱི་ཕྱོགས་སྒོ་འབྱེད་བར། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཆུ་ཚད་མཐོ་བའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན། 

ཉིན་འདི་འགར།  སྐམ་ལམ་ལྟེ་བའི་ལམ་མཚམས་ཧོང་པའེ་ལྕགས་ལམ་གྱི་ལྟེ་བའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། ཧུང་ཧྲུའེ་གཙང་པོའི་ལྕགས་ལམ་ཟམ་ཆེན་དེ་མཐའ་མའི་སྦྲེལ་མཐུད་ཀྱི་དུས་མཚམས་སུ་སླེབས་ཡོད་ལ། འཛུགས་སྐྲུན་བྱས་ཚར་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་འགག་རྩའི་ལྕགས་ལམ་སྦྲེལ་གནས་སུ་འགྱུར་ངེས། ཀུའེ་ཀྲོའུ་ནས་ཀོང་ཞི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཁ་སྣོན་གྱི་ལམ་ཐིག་གཉིས་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་། ཐེ་ཧྲན་གྲུ་ཁའི་གྲུ་ཁ་ནུབ་མའི་ཏུན་ཆིག་འབུམ་རིམ་པའི་མཚོ་གྲུ་སྡོད་གནས་གཉིས་ཞིབ་བཤེར་རྩིས་ལེན་བྱས། ཀྲུང་གོ་དང་ལའོ་ཝུའོ། ཐེ་གོ་བཅས་བར་གྱི་ཟོང་འདྲེན་དུས་གཏན་མེ་འཁོར་རྒྱུན་རྣམ་ཅན་དུ་བཏང་བ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་རྒྱལ་ཁོངས་བརྒལ་བའི་གཞུང་ལམ་གྱི་དུས་གཏན་རླངས་འཁོར་གྱི་དུས་གཏན་རླངས་འཁོར་ཤར་གཏོང་བྱས།  མིག་སྔར་བགྲོད་ལམ་གཙོ་བོའི་འཁོར་སྐྱོད་ལམ་ཐིག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་18ཀྱི་ས་ཚིགས་166ལ་ཤར་གཏོང་ཐུབ་ཡོད་ཅིང་། རྒྱལ་ཁབ་དང་ས་ཁུལ་120ལྷག་གི་གྲུ་ཁ་600ལ་ཁེབས་ཡོད། ཟླ་9པའི་ཚེས་10ཉིན་བར། བགྲོད་ལམ་གྱི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བྱས་ན་དོས་སྒམ་གཏོང་འདྲེན་ཚད་ནི་ཚད་སྒམ་ས་ཡ་དྲུག་ཟིན་པ་འདིས་ནུབ་རྒྱུད་ལྷོ་ངོས་ནས་རྒྱ་མཚོར་སྐྱོད་པའི་ལམ་ཆེན་དེ་གཞི་ཁྱོན་ཅན་གྱི་འཁོར་སྐྱོད་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

ཆོད་ཆེའི་མཉམ་འདྲེན་དྲ་རྒྱས་ནུབ་རྒྱུད་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་མགྱོགས་མྱུར་སྒོས་འཕར་བར་སྐུལ་ཁྲིད་བྱས།  དེང་སྐབས་བགྲོད་ལམ་གྱི་ཆ་སྙོམས་སྐྱེལ་འདྲེན་དུས་ཡུན་དེ་སྲོལ་རྒྱུན་གྱི་གཙང་པོ་དང་རྒྱ་མཚོའི་མཉམ་འདྲེན་ལས་60%ཡན་ཇེ་ཐུང་དུ་སོང་ཡོད་ལ། སྐྱེལ་འདྲེན་དངོས་ཟོག་གི་རིགས་1100ལྷག་ཇེ་མང་དུ་བཏང་། ཡུན་ནན་གྱི་མེ་ཏོག་སོས་པ་དང་། ཀན་སུའུ་ཙོང་རིལ། ཁྲུང་ཆིན་གྱི་ཚ་ལུ་མ་སོགས་ནུབ་རྒྱུད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཉིན་3ནས་5བར་ཐད་ཀར་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་ཁྲོམ་རར་ཐོན་ཐུབ་པ་དང་།  ཨེ་ཤ་ཡའི་ཤར་ལྷོའི་རྒྱུད་ཀྱི་ལིའུ་ལེན་དང་། པ་ཧྲ་ཉ། ཁྱད་ལྡན་བཏུང་ཆུ་སོགས་འཛད་སྤྱོད་ཐོན་རྫས་དག་འཁྱག་སྦྲེལ་དུས་གཏན་མེ་འཁོར་བརྒྱུད་ནས་དབུས་ནུབ་རྒྱུད་ཀྱི་འཛད་སྤྱོད་ཁྲོམ་རར་ཐོན་ཡོད།

བསྡོམས་རྩིས་ལས་མངོན་པ་ལྟར་ན།     ལོ་སྟོད་དུ་ནུབ་རྒྱུད་ས་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་ལ་སྐུལ་ཁྲིད་བྱེད་ཚད་ན་ནིང་གི་དུས་མཉམ་ལས20.3%འཕར་བ་དང་།  དེའི་ཁྲོད་ས་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོ་འབྲེལ་བའི་ཆོད་དོན་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་ཚད25.3%འཕར་ཡོད། ད་ལོའི་ཟླ5པར་ཡོ་རོབ་གླིང་དང་ཡ་གླིང་བར་གྱི་མྱུར་ལམ་རིམ་འཕར་ཤར་གཏོང་བྱས་ཏེ།    རླངས་འཁོར་གྱི་ལྷུ་ལག་ཆེ་ཆུང་དང་སྨན་བཅོས་ཡོ་བྱད་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་རིགས་100ལྷག་ཡོ་རོབ་གླིང་དུ་ཐད་ཀར་སྐྱེལ་འདྲེན་བྱེད་ཐུབ་པ་དང་།     ཟུར་སྣོན་རིན་ཐང་མཐོ་བའི་དངོས་ཟོང་རིགས་ཀྱིས་ཟིན་པའི་བསྡུར་ཚད་དུས་མགོ་ལས47%དུ་འཕར།

དེ་དང་ཆབས་ཅིག་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་བའི་ཟོང་འགྲུལ་ཤར་གཏོང་ཐུབ་པ་དེས། འགྲམ་རྒྱུད་དེ“ལམ་བརྒལ་དཔལ་འབྱོར”ནས“གཞི་ཚུགས་དཔལ་འབྱོར”ལ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།  ཡུན་ནན་ཧྥུའུ་ཉིན་གྲུ་ཁས་ཕིན་ལུའུ་མིས་བཟོས་གཙང་པོར་བརྟེན་ནས་མཚོ་ཁར་སྦྲེལ་མཐུད་བྱས་ཏེ།  ལྗང་མདོག་ཧ་ཡང་ཐོན་ལས་དེ་རྒྱ་མཚོའི་ཕྱོགས་སུ་ཐོན་ནུས་བཀོད་སྒྲིག་བྱས། ཀོང་ཞི་ཆིན་ཀྲོའུ་ཡིས་ལྟེ་བའི་གྲུ་ཁར་བརྟེན་ནས་གྲུ་ཁའི་ཐོན་ལས་སྡེ་ཚོགས་གྲུབ་སྟེ། ལོ་སྟོད་དུ་ཕྱི་ཕྱོགས་ཉོ་ཚོང་གི་དོས་སྒམ་འདོན་འཇུག་བྱེད་ཚད་ལོ་སྔོན་མའི་ན་ནིང་གི་དུས་མཉམ་ལས38.7%འཕར། ཀའེ་ཀང་གྲུ་ཁར་མཚོ་ཐོག་སྐྱེལ་འདྲེན་གྱི“གྲུ་གཡོར་འཆར་གཞི”བཏོན་ཏེ།   འགྲམ་རྒྱུད་ཀྱི་གྲུ་གཟིངས་བཟོ་གྲྭས་ཏུན5000རིམ་པའི་ཟོང་འདྲེན་གྲུ་གཟིངས་དང་ནུས་ཁུངས་གསར་པའི་གྲུ་གཟིངས་མགྱོགས་མྱུར་ངང་བསྐྲུན་བཞིན་ཡོད།    

གཙང་བོ་བརྒྱུད་དེ་རྒྱ་མཚོར་སླེབས་ཤིང་བགྲོད་ལམ་གསར་བའི་ལམ་ལ་ཆས།   མ་འོངས་པའི་ལོ་ལྔ་ནི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་སྤུས་ལེགས་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པའི་འགག་སྒྲོལ་དུས་སྐབས་ཤིག་ཡིན་ཞིང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”དམ་པོར་དམིགས་ཏེ། རྒྱལ་ཁབ་འཐབ་ཇུས་ཀྱི་རྐང་འཛིན་བགྲོད་ལམ་འདི་འཛུགས་སྐྲུན་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱ་དགོས་ཤིང་།  དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དང་དུས་རབས21པའི་མཚོ་ཐོག་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་སྦྲེལ་མཐུད་ནུས་ལྡན་བྱས་ཏེ།  ནུབ་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་བྱས་ནས། “སྐམ་མཚོ་ཕྱི་ནང་མཉམ་འགུལ”དང་། “ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས”ཀྱི་ཕྱོགས་ཡོངས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་ངེས་ཡིན།