
སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་ཀྲུང་དབྱང་རིམ་པའི་བྱ་བའི་ཆེད་དོན་འཛིན་གྲྭའི་སྤྱི་སྡོམ་ཚོགས་འདུ་ཚེས་16ཉིན་པེ་ཅིང་དུ་འཚོགས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཐེངས་འདིའི་སློབ་སྦྱོང་སློབ་གསོ་ནི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཏན་ཏིག་དང་གཏིང་ཟབ་ངང་སྤེལ་བས་གྲུབ་འབྲས་མངོན་གསལ་བླངས་ཡོད། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་བཏང་སྟེ། དགོངས་དོན་འདུ་ཤེས་བརྟན་པོ་ཆགས་པ་དང་ཏང་གཤིས་ཀྱི་གོ་རྟོགས་ཇེ་ཆེར་གཏོང་དགོས་ཤིང་། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་འདོན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྔར་ལས་བྱས་རྗེས་འཇོག་དགོས།