ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས་ཅི་ལིན་སློབ་ཆེན་བཙུགས་ནས་ལོ80འཁོར་བར་རྟེན་འབྲེལ་ཞུས།
ཁུངས། ཀློག་གྲངས། 2

ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས་ཅི་ལིན་སློབ་ཆེན་བཙུགས་ནས་ལོ80འཁོར་བར་རྟེན་འབྲེལ་ཞུས་པ་དང་། དགེ་སློབ་དང་ལས་བཟོ་བ་ཡོངས་དང་། རྒྱ་ཆེའི་སློབ་གྲོགས་ཚོར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཤིས་འཕྲིན་ཁྲོད་ནན་གྱིས་བསྟན་དོན། འགོ་ཚུགས་ས་གསར་པར། ཅི་ལིན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་།  ཕྱོགས་བསྡུས་དགེ་མཚན་འདོན་སྤེལ་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་གཞིགས་ཏེ། བསླབ་ཚན་ཆེད་ལས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཆུ་ཚད་ཇེ་མཐོར་གཏོང་བ། བྱང་ཚད་མཐོ་བའི་འཇོན་མི་སྔར་ལས་མང་པོ་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ། དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་པའི་ཐུགས་རེ་བཏོན།

ཅི་ལིན་སློབ་ཆེན་ནི1946ལོར་བཙུགས་པ་དང་། ལོ80ཡི་རིང་། སློབ་གྲྭས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་ལས་རིགས་སོ་སོར་འཇོན་མི་འབོར་ཆེན་ཁག་ཅིག་གསོ་སྐྱོང་བྱས་ཡོད།