ཝང་ཧུའུ་ཉིང་གིས་ཨེ་ཅིབ་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་ལ་མཇལ་འཕྲལ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 31

​

ཟླ9པའི་ཚེས18ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུང་ཉིང་གིས་པེ་ཅིང་དུ་ཨེ་ཅིབ་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་ཧྥ་ལིས་ཏི་ལ་མཇལ་འཕྲད་གནང་། 

    ཚེས་བཅོ་བརྒྱད་ཉིན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཨེ་ཅིབ་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་ཧྥ་ལིས་ཏི་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན།  ཡུན་རིང་མ་འགོར་བའི་སྔོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ལ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ནས།  ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན།  ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཡག་པོ་བྱེད་པ་དང་།  སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་མཐུད་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་སྟེ།  ཀྲུང་ཨེའི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།   ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨེ་ཅིབ་ཕྱོགས་ཀྱི་སྤེལ་རེས་དང་འགྲོ་འོང་ལ་སྔར་ལས་ཤུགས་བསྣན་ནས་ཀྲུང་ཨེའི་ཕྱོགས་ཡོངས་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་ནུས་ཤུགས་འབུལ་འདོད་ཡོད།

ཧྥ་ལིས་ཏིས་བསྟན་དོན།  ལོ70ཡི་རིང་ཨེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།  ཨེ་ཅིབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་ནས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས།  ཀྲུང་གོའི་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།  ཨེ་ཅིབ་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་སྤེལ་རེས་བྱེད་པར་ཤུགས་སྣོན་པ་དང་།  ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གླེང་སྟེགས་སོགས་ཀྱི་བྱེད་སྒོར་ཧུར་ཐག་གིས་ཞུགས་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་འདོད་ཡོད།

མུའུ་ཧུང་དང་ཝང་ཏུང་ཧྥུང་སོགས་མཇལ་འཕྲད་དུ་ཞུགས།