ལི་ཆང་གིས་མ་ལེ་ཞི་ཡའི་ཙུང་ལིར་མཇལ་འཕྲད་གནང་།  
ཁུངས། ཀློག་གྲངས།

​

ཟླ9པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧང་ཀྲོའུ་རུ་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས24ཉིན་ཧང་ཀྲོའུ་རུ་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་ལ་མཇལ་འཕྲད་གནང་།

ལི་ཆང་གིས་བསྟན་དོན།  ན་ནིང་གི་ཟླ4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་སྟེ། ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བའི“ཆེས་ལེགས་པོའི་ལོ་ངོ50”འགོ་ཚུགས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། མུ་མཐུད་དུ་སྤུས་ཚད་མཐོན་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། མིས་བཟོས་རིག་ནུས་སོགས་གསར་དར་ཐོན་ལས་མཉམ་ལས་ལ་ཤུགས་བསྣན་ཏེ།  ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་མ་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་གནད་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས་མཐུན་སྦྱོར་ལ་ཤུགས་སྣོན་དང་།  འཛམ་གླིང་ཡོངས་ཀྱི་གྲོས་འགོ་བཞིའི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བཙན་ཤེད་ཀྱི་བྱ་སྤྱོད་ལ་ཐུན་མོང་གིས་ངོ་རྒོལ་དང་།   ཕྱོགས་མང་ཉོ་ཚོང་གི་རྐྱེན་སྲོལ་སྲུང་སྐྱོང་། རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།

ཨན་ཝའར་གྱིས་བསྟན་དོན།  མ་ཀྲུང་རྒྱལ་ཁབ་གཉིས་ཀྱི་སྲིད་ཇུས་དང་ཆབ་སྲིད་ཀྱི་ཕན་ཚུན་ཡིད་རྟོན་ཇེ་བརྟན་དང་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་།   ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ཏེ།    ལག་གདང་མཉམ་སྦྲེལ་སྒོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།

ཝུའུ་ཀྲེང་ལུང་གོང་གསལ་བྱེད་སྒོར་ཞུགས།