ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་བཤེར་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས། བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་བཤེར་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་》ཁྱབ་བསྒྲགས་གནང་བ་མ་ཟད། 2026ལོའི་ཟླ12ཚེས1ཉིན་ནས་ལག་ལེན་དུ་བསྟར་རྒྱུ་བྱས། 《སྲོལ་ཡིག》བཟོ་བཅོས་བྱས་པའི་ནང་དོན་གཙོ་བོ་འདི་ལྟ་སྟེ། 

གཅིག་ནི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དགོས། རྩིས་བཤེར་བྱ་བའི་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གཏན་འབེབས་གས ལ་བོ་བྱས། གཉིས་ནི་རྩིས་བཤེར་ལྟ་སྐུལ་གྱི་ནང་དོན་ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་དགོས། གསུམ་ནི་རྩིས་བཤེར་བྱ་བའི་གོ་རིམ་འཐུས་ཚང་དུ་གཏོང་དགོས། རྩིས་བཤེར་བྱ་བར་རྩད་ཞིབ་དང་ཐེ་ཇུས་བྱེད་པའི་བྱ་སྤྱོད་ལ་ཐོ་འགོད་སྙན་ཞུའི་ལམ་ལུགས་ལག་ལེན་བསྟར་ནས། རྩིས་བཤེར་ལས་དོན་ལ་འགོག་རྐྱེན་མི་བཟོ་བའི་འགན་ལེན་བྱ་རྒྱུ་གཏན་འབེབས་བྱས། བཞི་ནི་རྩིས་བཤེར་དག་ཐེར་གྱི་འགན་འཁྲི་ནན་ཏུ་གཏོང་བ་དང་འབྲེལ་དག་ཐེར་ལེགས་བཅོས་བྱས་པ་མི་བཟང་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཞིབ་ཕྲ་བཟོ་དགོས།