རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སྐབས་བདུན་པ་པེ་ཅིང་དུ་གྲོལ། ཝང་ཧུའུ་ཉིང་མཇུག་སྒྲིལ་མཛད་སྒོར་ཞུགས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

​

ཟླ9པའི་ཚེས23ཉིན་གྱི་དགོང་མོར། ཟླ་གཅིག་ལྷག་འགོར་བའི་སྐབས་བདུན་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་པེ་ཅིང་མི་རིགས་ཟློས་གར་ཁང་དུ་མཇུག་བསྒྲིལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་འགྲིལ་མཛད་སྒོའི་རིག་རྩལ་དགོང་ཚོགས་ལ་གཟིགས།

ཟླ་གཅིག་ལྷག་འགོར་བའི་སྐབས་བདུན་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་དེ་ཚེས23ཉིན་གྱི་དགོང་མོ་པེ་ཅིང་མི་རིགས་ཟློས་གར་ཁང་དུ་མཇུག་བསྒྲིལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་འགྲིལ་མཛད་སྒོའི་རིག་རྩལ་དགོང་ཚོགས་ལ་གཟིགས།

《ཕུགས་འདུན་མཉམ་སྐྲུན།  གཟི་བརྗིད་མཉམ་སྤྱོད》ཅེས་པའི་དགོང་ཚོགས་དེ་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་དང་འབད་འབུངས་ཡར་བརྩོན་གྱི་ལེའུ་གཉིས་ཀྱིས་གྲུབ་ཡོད་ལ། དེས་ཡིད་དབང་རབ་ཏུ་འཕྲོག   ཟློས་གར《གནའ་ཉམས་ཀྱིས་རྒྱལ་ཁབ་ཀྱི་ཉམས་འགྱུར》དང་། བྱིས་པའི་ཟློས་གར《ས་གཞི་ཆེན་པོའི་ཤིང་སྡོང》མཉམ་དཀྲོལ་རོལ་དབྱངས《མེ་ཏོག་བཞད་པ》ཞབས་བྲོ《འོད་ཟེར་དང་ཕུགས་འདུན་སྙེག་པ》སོགས་ལེ་ཚན་དག་ཀྲུང་ཧྭའི་ས་གཞི་ལ་རྐང་ཚུགས་ཤིང་། མི་རིགས་ཀྱི་ཁྱད་ཆོས་མཚོན་པ་དང་དུས་རབས་ཀྱི་སྙིང་སྟོབས་མངོན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་བའི་བསྟོད་གླུ་ལེན་པ་དང་། མི་རིགས་ཁག་གི་བུ་བུ་མོ་ཚོས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོར་དགའ་ཞེན་ཚད་མེད་བྱེད་ལུགས་མཚོན་པར་བྱས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་མི་སེམས་གཅིག་སྡུད་དང་། བསམ་པའི་བརྟེན་རེས། ལག་རྡང་མཉམ་སྦྲེལ། ཕན་ཚུན་རོགས་རེས་བཅས་ཀྱི་བརྗིད་ཆེའི་རི་མོ་གསོན་ཉམས་ལྡན་པའི་ངང་མངོན།     ཐེངས་འདིའི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་སྒྲུབ་བྱས་པ་རེད།   རིག་རྩལ་མཉམ་འཛོམས་འཁྲབ་སྟོན་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་ཐིག་ལ་དམ་པོར་དམིགས་ཏེ།   མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས།     ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་།  མི་རིགས་ཁག་གི་རིག་གནས་ཀྱི་འཚོ་བཅུད་བསྡུ་ལེན།      དེང་རབས་དཔལ་ཡོན་མཉམ་འདྲེས་བཅས་ཀྱི་གར་སྟེགས་སྒྱུ་རྩལ་ཕུལ་བྱུང་ཁག་ཅིག་བཏོན་ཡོད་པ་རེད།  ཟླ8ཚེས18ཉིན་ནས་ཟླ9ཚེས23ཉིན་བར། སྡོམ་པས་ཕུལ་བྱུང་འཁྲབ་ཚན48ཀྱིས་པེ་ཅིང་གི་ཟློས་གར་ཁང14རུ་འཁྲབ་སྟོན་ཐེངས114བྱས་ཏེ་འཁྲབ་ཚན་གྱི་གྲངས་འབོར་སྐབས་རིམ་བྱུང་གི་ཟིན་ཐོ་གསར་པ་བསྐྲུན། སྐབས་འདིའི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་ལ་དྲ་ལམ་དང་ཡུལ་དངོས་ནས་ལྟ་མཁན་མི་ཐེངས་ཆིག་འབུམ་བརྒྱད་ཁྲི་སླེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

        དེ་སྔོན་འགོ་རྩོམ་མཛད་སྒོའི་རིག་རྩལ་དགོང་ཚོགས《མཐུན་སྒྲིལ་གྱིས་བདེ་སྐྱིད་བསྐྲུན། སེམས་མཐུན་གྱིས་འབྱུང་འགྱུར་ལ་ཕྱོགས》ཅེས་པ་པེ་ཅིང་དུ་འཚོགས།

དབྱིན་ལི་དང་། ལི་ཀན་ཅེ། ལི་ཧྲུའུ་ལའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། ཧྲིན་དབྱི་ཆིན། པ་ཐུར། ཞན་ཧུའེ་བཅས་སོ་སོར་འགོ་རྩོམ་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོའི་རིག་རྩལ་དགོང་ཚོགས་ལ་གཟིགས།