
ས་གནས་དེ་གའི་དུས་ཚོད་ཟླ9ཚེས24ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་ཝ་ཧྲིན་ཏོན་དུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡི་སྐུ་ཟླ་མའེ་ལ་ཉི་ཡ་དང་ལྷན་དུ་རྒྱལ་བཙུགས་ཡ་གླིང་སྒྱུ་རྩལ་རྟེན་མཛོད་ཁང་ལ་གཟིགས་སྐོར་གནང་བར་ཕེབས།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་སྐུ་ཟླས་རྨ་བྱའི་ཚོམས་ཆེན་སོགས་འགྲེམས་ཁང་དུ་གཟིགས་སྐོར་གནང་ཞིང་། ཕེང་ལི་ཡོན་གྱིས་ཉེ་བའི་ལོ་ཤས་རིང་ཨ་རིས་ཀྲུང་གོར་ཀྲུང་གོའི་རིག་དངོས་ཕྱིར་སློག་ཐེངས་མང་བྱས་པར་བསྔགས་བརྗོད་གནང་བ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་རིག་གནས་བརྗེ་རེས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་འབྲེལ་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་པར་བསྟན།
གཟིགས་སྐོར་གནང་རྗེས། ཕེང་ལི་ཡོན་དང་མའེ་ལ་ཉི་ཡ་རྣམ་གཉིས་ཀྱིས་ལྷན་དུ་ཨ་རིའི་ན་ཆུང་གིས་ཀྲུང་གོའི་གླུ་གཞས་མཉམ་ལེན་ལ་གཟིགས་པར་མ་ཟད། ཁོ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་ཡང་གནང་། ཕེང་ལི་ཡོན་གྱིས་ཚང་མར་རྒྱ་ཡིག་སློབ་པ་དང་ཀྲུང་ཧྭའི་རིག་གནས་ལ་མུ་མཐུད་སློབ་སྦྱོང་བྱས་ནས་ཀྲུང་ཨའི་མཛའ་འབྲེལ་གྱི་ཕོ་ཉར་འགྱུར་རྒྱུའི་ལྕག་སྐུལ་གནང་།
རྒྱལ་བཙུགས་ཡ་གླིང་སྒྱུ་རྩལ་རྟེན་མཛོད་ཁང་ནི་ཨ་རིའི་མིང་གྲགས་ཅན་གྱི་ཡ་གླིང་གི་སྒྱུ་རྩལ་ཉར་ཚགས་དང་། ཞིབ་འཇུག འགྲེམས་སྟོན་བྱེད་པའི་ལས་ཁུངས་ཞིག་ཡིན །