ཆེད་བསྒྲིགས་ལེ་ཚན《རྒྱལ་ཁབ་ཆེན་པོ་མཉམ་གནས་ཀྱི་ཡང་དག་པའི་ལམ་བུ་བཏོད་ནས། ཀྲུང་ཨ་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་པ་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བའི་དངོས་བྲིས》ཞེས་པ་ཚེས་ཉེར་བདུན་ཉིན་བཏང་། 
ཁུངས། ཀློག་གྲངས།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་སྦྱོར་བྱས་པའི་བརྙན་འཕྲིན་ཆེད་བསྒྲིགས་ལེ་ཚན་ཏེ། 《རྒྱལ་ཁབ་ཆེན་པོ་མཉམ་གནས་ཀྱི་ཡང་དག་པའི་ལམ་བུ་བཏོད་ནས། ཀྲུང་ཨ་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་པ་སྟེ།—ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བའི་དངོས་བྲིས》ཞེས་པ་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་གྱི་ཕྱོགས་བསྡུས་འཕྲིན་ལམ་དང་གསར་འགྱུར་འཕྲིན་ལམ་དུ་དུས་མཉམ་དུ་བཏང་།

ཐེངས་འདིའི་འཚམས་འདྲི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ11འགོར་རྗེས་ཨ་རིར་སླར་ཡང་རྒྱལ་དོན་འཚམས་འདྲི་གནང་བ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ལོ་ཕྱེད་ནང་ཕན་ཚུན་འཚམས་འདྲི་གནང་ནས། ཀྲུང་གོ་དང་ཨ་རིའི་འགྲོ་འོང་གི་ལོ་རྒྱུས་བསྐྲུན་པར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ཐེངས་འདིའི་འཚམས་འདྲིའི་ཉིན་རེའི་ལས་རིམ་ཚགས་དམ་པ་དང་ནང་དོན་ཕུན་སུམ་ཚོགས་ལ།  ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་ཨ་འབྲེལ་བ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་གནད་དོན་ཐད་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས། ཀྲུང་གོ་དང་ཨ་རིའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། “པེ་ཅིང་དུ་མཉམ་འཛོམས་བྱས་པ”ནས“ཧྭ་ཧྲིན་ཏོན་དུ་མཉམ་འཛོམས་བྱེད་པའི”བར། ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ཐེངས་འདིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་པེ་ཅིང་དུ་མཇལ་འཛོམས་གནང་བའི་དགེ་མཚན་ལྡན་པའི་ཕན་འབྲས་རྒྱུན་མཐུད་བྱས་ལ། ཀྲུང་གོ་དང་ཨ་རིའི་ཁ་སྤྲོད་མདུན་སྐྱོད་དང་ཞི་བདེ་མཉམ་གནས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་བརྡ་རྟགས་ལེགས་པོ་བཏང་ནས། ཀྲུང་ཨ་འབྲེལ་བའི་དུས་རབས་ཀྱི་ལེའུ་གསར་པ་བརྩམས།