

ཟླ9པའི་ཚེས30ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ77འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
ཟླ9པའི་ཚེས30ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ77འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས། ཞི་ཅིན་ཕིང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཀྲུང་ཕྱིའི་མི་བཅས་མཉམ་གཅིག་ཏུ་འཛོམས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།
ཚེས30ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ77འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས། ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལས་དགེ་མཚན་ཆེན་པོ་མངོན་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོར་གྱུར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་བ་ནི་འགོག་ཐབས་མེད་པར་གྱུར་ཡོད། ང་ཚོས་ཡིད་ཆེས་བརྟན་པོ་བཅང་བ་དང་དམིགས་འབེན་དམ་འཛིན་བྱས་ཏེ། གོམ་པ་རེ་རེ་བཞིན་མདུན་དུ་བསྐྱོད་ན། རྒྱལ་ཁ་ནི་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་དང་། རླབས་ཆེན་གྱི་ཀྲུང་གོའི་མི་དམངས། རླབས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དབང་ངེས་རེད་ཅེས་བསྟན།
ལི་ཆང་གིས་སྣེ་ལེན་ཚོགས་འདུར་འགོ་འཛིན་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་སྣེ་ལེན་ཚོགས་འདུར་ཞུགས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ800ཙམ་གནས་གཅིག་ཏུ་མཉམ་འཛོམས་བྱུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།
མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཚོམས་ཆེན་གྱི་གློག་སྒྲོན་གྱི་ཚོན་མདངས་རྣམ་པར་བཀྲ་ནས་དགའ་སྤྲོའི་རྣམ་པས་ཁེངས། ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕྱོགས་སུ་རྔམ་བརྗིད་ལྡན་པའི་རྒྱལ་རྟགས་བཀལ་ཡོད་པ་དང་། 1949ལོ་ནས2026ལོ་ཞེས་པའི་ཡིག་འབྲུ་ཆེན་པོ་དག་དམར་མདངས་བཀྲ་བའི་དར་དམར་གྱི་འོག་ཏུ་སྔར་ལས་འབུར་ཐོན་མངོན་གསལ་རེད།
ཕྱི་དྲོའི་ཆུ་ཚོད་ལྔ་པ་དང་སྐར་མ30ཡོལ་ཙམ་དུ། སྤྲོ་སེམས་འཁོལ་བའི་མགྲོན་བསུའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གསོལ་སྟོན་ཚོམས་ཆེན་དུ་ཕེབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
སྣེ་ལེན་ཚོགས་འདུ་འགོ་བརྩམས་པ་ན། ཚོགས་རར་ཡོད་མཁན་ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས། རྔམ་བརྗིད་ལྡན་པའི་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་ཚོམས་ཆེན་དུ་འཁོར།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། ཉེན་རྟོག་དྲག་ཆས་དམག་དཔུང་གི་དཔོན་དམག དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་ཀྲུང་གོ་བ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས། དུས་ཡུན་རིང་པོའི་ནང་ཀྲུང་གོའི་འཛུགས་སྐྲུན་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་མཛའ་མཐུན་རྒྱལ་ཁབ་དང་རྒྱལ་སྤྱིའི་མཛའ་མཐུན་མི་སྣ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།
ཞི་ཅིན་ཕིང་གིས། ལོ77རིང་། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་པར་བརྟེན། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཅན་གཉིས་གསར་གཏོད་བྱས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་བྱེད་པའི་བརྒྱ་ལོ་དང་པོའི་དམིགས་འབེན་མངོན་འགྱུར་བྱས་ནས། ད་ལྟ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་ཧུར་ཐག་གིས་མདུན་སྐྱོད་བྱེད་བཞིན་ཡོད། སྐབས་འདིར། ང་ཚོས་ཀྲུང་གོ་གསར་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་པར་སྤོབས་པ་ཚད་མེད་སྐྱེས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འོད་སྟོང་ལྡན་པའི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཚུན་དུ། ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་ཚང་མས་འབད་འབུངས་ཡར་བརྩོན་དང་ཧུར་ཐག་འབད་བརྩོན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སྒྲིག་བཟོ་བྱས་པ་དང་ཕྱོགས་སོ་སོའི་བྱ་བར་ཏན་ཏིག་གིས་སྐུལ་འདེད་བཏང་ལ། རང་རྒྱལ་དཔལ་འབྱོར་གྱིས་གནོན་ཤུགས་འཁུར་ནས་མདུན་དུ་བསྐྱོད་པ་མ་ཟད་གསར་བ་དང་ལེགས་ཕྱོགས་སུ་བསྐྱོད་ཅིང་། མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་རྩ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ཆ་ཚང་ཞིང་ཡང་དག་པར་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་དགོས་ཤིང་། བཅོས་བསྒྱུར་སྒོ་འབྱེད་སྔར་བས་ཟབ་སྤེལ་དང་། འཕེལ་རྒྱས་དང་བདེ་འཇགས་སྔར་ལས་ལེགས་པའི་གཅིག་གྱུར་འཆར་འགོད་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་གསར་པ་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། དམངས་འཚོ་དོན་དམ་དུ་འགན་སྲུང་དང་ལེགས་བཅོས་བྱ་དགོས་པ་མ་ཟད། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་མགོ་ལེགས་པོ་ཞིག་རྩོམ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་བས་ཞང་ཀང་སྐྱོང་བ། ཨའོ་མོན་པས་ཨའོ་མོན་སྐྱོང་བ། ཚད་མཐོའི་རང་སྐྱོང་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་བཅས་བྱས་ཏེ། ཞང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་སྔར་ལས་ལེགས་པའི་མཉམ་འདྲེས་བྱེད་པ་དང་དེར་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱས་ནས། ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱ་དགོས། འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཐའེ་ཝན་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གཅིག་གྱུར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱེད་དགོས་ལ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། རྙོག་འཛིང་མཉམ་འདྲེས་ཀྱི་འཛམ་གླིང་ལ་ངེས་གཏན་རང་བཞིན་དང་དྲང་ནུས་སྔར་བས་མང་པོ་སྣོན་དགོས།
སྣེ་ལེན་ཚོགས་འདུར་ཞུགས་མཁན་ལ་ད་དུང་པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་འཐེན་གནང་བའི་བློ་མཐུན། དེ་མིན་དེ་སྔོན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་མྱོང་བའི་བློ་མཐུན་བཅས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་བྱས་རྗེས་མཚན་སྙན་གཟེངས་བསྟོད་དང་བྱ་དགའ་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་མི་སྣའི་འཐུས་མི། མི་རིགས་ས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་མི་སྣ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་མི་སྣ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་སུ་གཏོགས་པའི་ཀྲུང་གོ་བ་བཅས་ཀྱི་འཐུས་མི། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་སྐུ་ཚབ་དང་ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་འཐུས་མི། ཕྱི་རྒྱལ་གྱི་ཆེད་མཁས་པ་སོགས་ཀྱང་སྣེ་ལེན་ཚོགས་འདུར་ཞུགས་ཡོད།
དགའ་སྤྲོའི་རོལ་དབྱངས་ཁྲོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ཀྱིས་མཉམ་དུ་ཇ་ཕོར་བཏེགས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་77འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་ལ། ཀྲུང་གོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་བརྩེ་ཡུན་རིང་གནས་ཐུབ་པའི་སྨོན་འདུན་ཞུས།