ཝང་ཧུའུ་ཉིང་གིས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞིར་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།
ཀློག་གྲངས།
ཚེས11ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིན་ལ་མཇལ་འཕྲད་གནང་།
ཚེས11ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིན་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་ཉེ་བའི་ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་གནང་ནས། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རླབས་གཤག་མདུན་སྐྱོད་བྱ་རྒྱུར་སྣེ་ཁྲིད་གནང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་མཛུབ་ཁྲིད་བརྩི་སྲུང་བྱས་ཤིང་། “སྔར་ལས་ལྷག་པ་དྲུག”གི་སྤྱིའི་དམིགས་འབེན་གཞིར་བཟུང་ནས། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཡོ་ནན་ཕྱོགས་དང་བརྗེ་རེས་མཉམ་ལས་གཏིང་ཟབ་བྱས་ནས་རང་རང་སོ་སོའི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།
ཁྲེན་ཆིང་མིན་གྱིས་བསྟན་དོན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཡོ་ནན་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ཡོད་ལ། ཆབ་སྲིད་ཀྱི་རྨང་གཞི་དང་། དངོས་པོའི་རྨང་གཞི། དམངས་སེམས་རྨང་གཞི་བཅས་རྒྱུན་མ་ཆད་པར་སྲ་བརྟན་དུ་བཏང་། ཀྲུང་གོར་གྲུབ་འབྲས་གལ་ཆེན་ཐོབ་པར་རྟེན་འབྲེལ་ཞུ། ཡོ་ནན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་ཡོད་ལ། ཡོ་ནན་རྒྱལ་ཚོགས་ཀྱིས་ཀྲུང་གོ་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཝང་ཏུང་མིང་དང་ཝང་ཏུང་ཧྥིང་སོགས་མཇལ་འཕྲད་ནང་ཞུགས།