

ཟླ10པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིན་ལ་མཇལ་འཕྲད་གནང་།
ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་དུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིན་ལ་མཇལ་འཕྲད་གནང་།
ལི་ཆང་གིས། ད་ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞིསུའུ་ལིན་ལ་མཇལ་འཕྲད་གནང་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཇེ་ཟབ་ཏུ་གཏོང་རྒྱུའི་ཐད་ཁ་ཕྱོགས་སྔར་ལས་གསལ་སྟོན་གནང་། བློ་མཐུན་དང་སྤུན་ཟླ་ཡིན་པའི་ཆ་ནས། ང་ཚོས་ཡོ་ནན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་མཐུན་ཇེ་ཟབ་ཏུ་གཏོང་བ་དང་། མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཉོ་ཚོང་དངུལ་གཏོང་དང་ཕན་ཚུན་སྦྲེལ་མཐུད། མི་ཐབས་རིག་ནུས། ནུས་ཁུངས་གཙང་མ། མི་ཚུལ་སོགས་ཀྱི་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཟབ་སྤེལ་གཏོང་བ་དང་། ཕྱོགས་མང་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་ཆེན་པོ་སྐྲུན་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་དང་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཐད་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུའི་རེ་བ་ཡོད་ཅེས་བསྟན།
ཁྲེན་ཆིང་མིན་གྱིས། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་བཞིན་ཡོད་ཅིང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་གཞིར་བཟུང་ནས། ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་དོན་སྙིང་ལྡན་པའི་ཡོ་ཀྲུང་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།
ཝང་ཏུང་མིང་མཇལ་འཕྲད་ལ་ཞུགས།