ལི་ཆང་གིས་ཐ་ཇིག་སི་ཐན་གྱི་སྲིད་འཛིན་ལ་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ས་དེའི་ཟླ10པའི་ཚེས19ཉིན་གྱི་སྔ་དྲོར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཏུའུ་ཧྲང་པེ་རུ་ཐ་ཇིག་སི་ཐན་གྱི་སྲིད་འཛིན་ལཱ་ཧི་མེང་ལ་མཇལ་འཕྲད་གནང་།

ལི་ཆང་གིས་བསྟན་དོན།  དེང་སྐབས་ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ད་ལོའི་ཟླ5པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ལཱ་ཧི་མེང་དང་ཞལ་འཛོམས་གྲོས་མོལ་གནང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་འཆར་འགོད་གནང་།  ཀྲུང་གོའི་ཕྱོགས་ཀྱིས་ཐ་ཇིག་སི་ཐན་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར། དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་འཛུགས་སྐྲུན། གཏེར་ཐོན། ཁྲིམས་བསྟར་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་དུ་མུ་མཐུད་དུ་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྤུས་ཚད་སྔར་བས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་ཧུར་ཐག་གིས་ལག་ལེན་བྱས་ནས། ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས།

ལཱ་ཧོ་མེང་གིས་བསྟན་དོན།    ཐ་ཇིག་སི་ཐན་གྱིས་ཀྲུང་གོའི་བར་གྱི་རོགས་ཟླའི་འབྲེལ་བར་བརྩི་མཐོང་ཆེན་པོ་བྱས་ཏེ།   ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་དམ་སྲུང་བྱེད་ལ།     ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མི་ཚུལ་རིག་གནས་སྤེལ་རེས་ལ་སྐུལ་འདེད། ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད།

ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།