
ས་དེའི་ཟླ10པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཏུའུ་ཧྲང་པེ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་སྲིད་གཞུང་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་ལྔ་པར་ཞུགས་སྐབས་དབྱི་ལང་གི་སྲིད་འཛིན་གཞོན་པ་དང་པོ་ཨ་ལེ་ཧྥུའུ་དང་མཇལ་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ད་ལོའི་ཚུན་དུ། དབུས་ཤར་གྱི་གནས་བབ་བརྟན་བརླིང་མིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་ཤར་གྱི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོང་དང་སྐུལ་སྤེལ་གཏོང་བར་དམིགས་ནས་གྲོས་འགོ་དང་བཞེད་དགོངས་གལ་ཆེན་རབ་དང་རིམ་པ་བཏོན་པར་ཡོངས་ཁྱབ་ཏུ་དོ་སྣང་ཆེན་པོ་ཐོབ། ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་གྲོས་མོལ་འདུམ་འགྲིག་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་མ་ཟད། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་སྤེལ་གཏོང་བར་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན། ཀྲུང་གོ་དང་དབྱི་ལང་བར་འབྲེལ་བ་བཙུགས་ནས་ལོ55རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་གཏན་འཇགས་བདེ་ཐང་གི་འཕེལ་རྒྱས་སྲུང་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱི་དབྱི་ལང་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ལ་འཕེལ་རིམ་གསར་བ་ལོན་པར་སྐུལ་འདེད་གཏོང་འདོད་ཡོད།
ཨ་ལེ་ཧྥུའུ་ཡིས་བསྟན་དོན། དབྱི་ལང་ཕྱོགས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ་དང་། དབྱི་ལང་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། དབྱི་ལང་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་ཤར་གྱི་ཞི་བདེ་དང་བདེ་འཇགས་སྐུལ་སྤེལ་གཏོང་བའི་ཐད་བཏོན་པའི་གྲོས་འགོ་དང་བཞེད་དགོངས་གལ་ཆེན་ལ་རྒྱབ་སྐྱོར་བྱས་ཏེ། གླེང་མོལ་ལ་བརྟེན་ནས་འགལ་བ་མེད་པར་བཟོ་བ་དང་ས་ཁུལ་གྱི་ཞི་བདེ་སྔ་མོ་ནས་སླར་གསོ་བྱེད་འདོད་ཡོད།