
ས་དེའི་ཟླ10པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཏུའུ་ཧྲང་པེ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་སྲིད་གཞུང་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་ལྔ་པར་ཞུགས་སྐབས་ཨུ་རུ་སུ་དཀར་པོའི་ཙུང་ལི་ཐུའུ་ཨར་ཆིན་ལ་མཇལ་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུ་དཀར་པོ་ནི་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་ངོ་མ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ལུའུ་ཁ་ཧྲིན་ཁི་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུ་དཀར་པོ་བར་གྱི་དུས་རྣམ་ཀུན་ཏུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོའི་ཕྱོགས་ནས་ཨུ་རུ་སུ་དཀར་པོའི་ཕྱོགས་དང་སྲོལ་རྒྱུན་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཐོག་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། ཉོ་ཚོང་མ་དངུལ་འཇོག་པ་དང་། གྲངས་འཛིན་དཔལ་འབྱོར། མི་ཚུལ་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་འདྲིས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།
ཐུའུ་ཨར་ཆིན་གྱིས་བསྟན་དོན། ཀྲུང་གོ་ནི་ཨུ་རུ་སུ་དཀར་པོའི་གྲོགས་པོ་རྣལ་མ་ཡིན། ཨུ་རུ་སུ་དཀར་པོ་ཕྱོགས་ཀྱིས་སང་ལོར་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ35འཁོར་བ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་ཕྱོགས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་དུས་རྣམ་ཀུན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཝུའུ་ཀྲིན་ལུང་གོང་གསལ་མཇལ་འཕྲད་ལ་ཞུགས།