ཏིང་ཞུའེ་ཞང་གིས2026ལོའི་རྒྱལ་སྤྱིའི་ཚན་རིག་ལས་འཛིན་ལྷན་ཚོགས་ཀྱི་དུས་འབྲིང་ཚོགས་མིའི་ཚོགས་ཆེན་དང་པེ་ཅིང་ཚན་རིག་གླེང་མོལ་གྱི་སྐུ་མགྲོན་ཁག་ཅིག་དང་མཇལ་འཕྲད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཚེས21ཉིན་པེ་ཅིང་དུ2026ལོའི་རྒྱལ་སྤྱིའི་ཚན་རིག་ལས་འཛིན་ལྷན་ཚོགས་ཀྱི་དུས་འབྲིང་ཚོགས་མིའི་ཚོགས་ཆེན་དང་པེ་ཅིང་ཚན་རིག་གླེང་མོལ་གྱི་སྐུ་མགྲོན་ཁག་ཅིག་དང་མཇལ་འཕྲད་གནང་། 

ཏིང་ཞུའེ་ཞང་གིས་བསྟན་དོན། ཚན་རིག་ལག་རྩལ་ནི་མིའི་རིགས་ཐུན་མོང་གི་རྒྱུ་ནོར་ཡིན། སྒོ་འབྱེད་མཉམ་ལས་ནི་ཚན་རྩལ་གསར་གཏོད་ཀྱི་དགོས་ངེས་གདམ་ག་ཡིན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ཚན་རྩལ་གྱི་ཐོག་མའི་སེམས་འདུན་བརྟན་སྲུང་བྱེད་ཅིང་། ཚན་རིག་སྙིང་སྟོབས་དར་སྤེལ་བཏང་སྟེ། སྒོ་འབྱེད་དཀྱེལ་ཡངས་ལ་བརྟེན་ནས་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་གེགས་མེད་ཡོང་བར་བྱེད་པ་དང་། མཐུན་སྦྱོར་འགག་སྒྲོལ་ལ་བརྟེན་ནས་མདུན་གྲལ་ཚན་རྩལ་གྱི་དཀའ་གནད་སེལ་བ། གཉིས་ཕན་མཉམ་ལས་ལ་བརྟེན་ནས་གྲུབ་འབྲས་སྤྱི་ཕན་མཉམ་སྤྱོད་ལ་སྐུལ་སྤེལ་བཏང་ནས། གོ་ལ་ཧྲིལ་བོའི་ཚན་རྩལ་ལས་དོན་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། 

རྒྱལ་སྤྱིའི་ཚན་རིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀི་ལུའུ་ཁི་མན་སོགས་ཀྱིས་གཏམ་བཤད་དེ། ཀྲུང་གོས་ཚན་རྩལ་གསར་གཏོད་ཐད་བླངས་པའི་གྲུབ་འབྲས་ལ་བསྔགས་བརྗོད་དང་། སྒོ་འབྱེད་མཉམ་ལས་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། ཚན་རིག་དེ་དོན་དམ་པས་འཛམ་གླིང་ཡོངས་ཀྱི་སྤྱི་པའི་ཐོན་རྫས་སུ་འགྱུར་བར་བྱས་ནས། མིའི་རིགས་ཡོངས་ཀྱི་ཐུན་མོང་འཕེལ་རྒྱས་ཡར་ཐོན་ལ་སྟོབས་ཤུགས་སྔར་ལས་ཆེན་པོ་འདོན་རྒྱུ་ཡིན།   

​