
ད་ལོ་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ལོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི། ཀྲུང་གོའི་གུང་ཁྲན་ཏང་མིའི་གསར་བརྗེའི་གཞི་རྒྱུ་དང་བསམ་པའི་རུས་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་དང་བླ་སྲོག་ལ་གཅིག་འདྲེས་བྱུང་ཡོད་ལ། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཕུན་སུམ་ཚོགས་པའི་གསོ་བཅུད་དང་། ཀྲུང་གོའི་མི་དམངས་ཀྱིས་རྒྱུན་ཆད་མེད་པར་འགག་སྒྲོལ་དཀའ་སེལ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པར་སྐུལ་མ་གཏོང་བའི་བསམ་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་རྩོམ་ས་གསར་པ་རུ་ལངས་ཏེ། ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་པོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ཤུགས་ཆེན་པོས་དར་སྤེལ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ལེགས་པར་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
གནས་འདི་ནི་ཅང་ཞི་ཡུས་ཏུའུ་ཡི་ཐན་ཐོའུ་སྡེ་བ་རེད། གཙང་ཞིང་གྲལ་དག་པའི་ཁང་པ་རྣམས་ཀྱི་བཀོད་པ་ཤིན་ཏུ་ལེགས་ལ། སེ་ལྡན་ཆུ་འབྲས་ལ་ལོ་ལེགས་ཡོང་ངེས་རེད།
ལོ90ལྷག་གི་ཡར་སྔོན་དུ། ཀྲུང་དབྱང་དམར་དམག་བརྒྱད་ཁྲི་དྲུག་སྟོང་ལྷག་ཡུས་ཏུའུ་ནས་ལམ་ལ་ཆས་ཏེ། ལེ་བར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ཀྱི་ལམ་དུ་ཞུགས། ཐན་ཐོའུ་སྡེ་བའི་མི33དམག་དཔུང་དང་མཉམ་དུ་རྒྱང་སྐྱོད་ལ་ཞུགས་པ་དང་། དེ་ལས་མི32གཏན་ནས་ཕྱིར་ལོག་རྒྱུ་མ་བྱུང་།
2019ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུས་ཏུའུ་ལ་གཟིགས་ཞིབ་གནང་བར་ཕེབས་པ་དང་། ཁོང་གིས་ཚང་མར་གསུངས་རྒྱུར། ང་ཚོས་ཏང་གི་ཐོག་མའི་སེམས་འདུན་དང་འགན་འཁྲི་བརྗེད་མི་རུང་ལ། གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དམིགས་ཡུལ་ཡང་བརྗེད་མི་རུང་། གསར་བརྗེའི་དར་ཆ་མུ་མཐུད་དུ་མཐོན་པོར་བསྒྲེངས་ནས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། ཐན་ཐོའུ་སྡེ་བས་ས་རྒྱུའི་གཞི་རྒྱུ་སེ་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལ་བརྟེན་ནས། དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་བཏང་པ་དང་། 2025ལོར། ཐན་ཐོའུ་སྡེ་བའི་སེ་འདུས་ཐོན་ལས་ཀྱི་ཐོན་ལས་མུ་ཕྲེང་ཧྲིལ་པོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ལས་བརྒལ་བ་དང་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་རྐྱང་བ་སྒོར་སུམ་ཁྲི་དྲུག་སྟོང་ཡོད་པ་རེད།
རྒྱང་སྐྱོད་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་གྱི་བརྗིད་ཉམས་ལྡན་པའི་མཛད་རྗེས་རྡོ་རིང་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རྒྱང་སྐྱོད་འགོ་རྩོམ་ས་ནས་དོན་ལ་འབབ་ས་དང་། ཁ་ཕྱོགས་འགྱུར་མཚམས་ནས་གཡུལ་འགྱེད་གལ་ཆེན་བྱུང་སའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱང་སྐྱོད་ལམ་རྒྱུད་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པར་ཕེབས་ཐེངས་རེ་རེར། རྒྱང་སྐྱོད་ཀྱི་གཏམ་རྒྱུད་ལ་བརྩེ་གཟིགས་ཟབ་མོ་གནང་ནས་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་རྒྱས་བཤད་གཏིང་ཟབ་གནང་། སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན། ང་ཚོའི་བྱ་གཞག་འཕེལ་རྒྱས་དེ་ཚད་གང་ལ་སླེབས་ཀྱང་། ང་ཚོར་གྲུབ་འབྲས་ཆེན་པོ་ཅི་འདྲ་ཞིག་ཐོབ་རུང་། ང་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས་པ་དང་། རྒྱང་སྐྱོད་གསར་པའི་བགྲོད་ལམ་སྟེང་མུ་མཐུད་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་དགོས།
མི་རབས་གཅིག་ལ་མི་རབས་གཅིག་གི་རྒྱང་སྐྱོད་ཡོད་པ་དང་རྒྱང་སྐྱོད་ལ་ནམ་ཡང་ཡལ་བ་མེད། དབུལ་མཐར་འགག་སྒྲོལ་གྱི་དམག་འཐབ་ཁྲོད། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་སྡེ་སྡོད་ལས་བྱེད་རུ་ཁག་ཉིས་འབུམ་ལྔ་ཁྲི་ལྔ་སྟོང་དང་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པ་ས་ཡ་གསུམ་ལྷག་འདེམས་མངགས་བྱས་ཏེ། ཡུལ་དངོས་དང་པོར་རྐང་ཚུགས་ནས་མང་ཚོགས་དང་མཉམ་འབྲེལ་བྱེད་པའི་རོགས་སྐྱོར་གྱི་གཞི་རྐང་དུ་གྱུར། སྐབས་དེར་དམར་དམག་རྒྱང་སྐྱོད་གང་དུ་སླེབས་ཀྱང་མང་ཆེ་བ་འགྲིམ་འགྲུལ་སྟབས་མི་བདེ་བའི་དབུལ་ཕོངས་ས་ཁུལ་ཡིན་པ་དང་། ད་སྐབས་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་རྐྱང་གི་གནས་ལས་ཡོངས་སུ་བྲལ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ལམ་བུ་གསར་པར་འབད་འཐབ་བྱེད་བཞིན་ཡོད། ཀོང་ཞིའི་བྱང་རྒྱུད་རི་ཁུལ་གྱི་དགྲ་བཅོམ་འབྲས་ནས། ཧུའུ་ནན་ས་གཞི་ཆེན་མོའི་སུར་པན་དང་། དེ་ནས་ས་སེར་མཐོ་སྒང་གི་ཀུ་ཤུ། མིག་སྔར། རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཁྱད་ལྡན་ཞིང་ལས་ཐོན་ལས་ཁྱུ་ཚོགས300དང་དེང་རབས་ཞིང་ལས་ཐོན་ལས་གླིང450བསྐྲུན། ལིའུ་ཕན་རི་ཁུལ་དུ་གནས་པའི་ཉིང་ཞའི་ཞི་ཅི་རུ། “དམར་དམག་གི་ཕྱེ་མ”དཀར་ཡོལ་གང་གིས་སྐབས་དེའི་དམག་དམངས་ཀྱི་ཉ་མོ་དང་ཆུ་བོ་ལྟ་བུའི་བརྩེ་འདང་བདེན་དཔང་བྱས་ཡོད་ལ། ས་གནས་དེའི་ད་བར་རྒྱུན་མཐུད་བྱས་པའི་དམངས་ཕྱུག་ཐོན་ལས་ཤིག་ཏུའང་གྱུར་ཡོད། ལོ་འདི་དག་གི་རིང་། ཞི་ཅི་མང་ཚོགས་ཀྱིས་རྒྱུན་འཛིན་གྱི་ཁྲོད་ནས་བཟོ་རྩལ་རིམ་སྤོར་དང་ཚོང་ལམ་རྒྱ་སྐྱེད་བཏང་སྟེ། གཞི་ཁྱོན་ཅན་གྱི་ལས་སྣོན་མཉམ་ལས་ཁང་བཙུགས་ནས“དམར་དམག་ཕྱེ་མ”རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཕྱིར་འཚོང་བྱེད་བཞིན་ཡོད། མིག་སྔར། ཞི་ཅི་རྫོང་ཡོངས་ཀྱི་ཕྱེས་བཟོས་ཐོན་རྫས་ཀྱི་ལོ་རེའི་ཐོན་ཚད་ཏུན་ཆིག་ཁྲི་དྲུག་སྟོང་ལས་བརྒལ་བ་དང་། ལོ་རེའི་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར1ལས་བརྒལ།
དུས་རབས་གསར་པའི་རྒྱང་སྐྱོད་ནི་རི་ཆུ་བསྐྱར་སྐྲུན་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་འགག་སྒྲོལ་གྱི་ལམ་བུ་ཞིག་རེད།
སི་ཁྲོན་རྔ་བ་རུ། སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། རང་རྒྱལ་གྱི་“གཞུང་བརྒྱད་འཕྲེད་བརྒྱད་”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་རྒྱའི་ལན་ཀྲོའུ་དང་ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་བགྲོད་ལམ་གྱི་གནད་འགག་གི་ཆ་ཤས་ཤིག་ཡིན་པའི་ཆ་ནས། སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་དེ་དམར་དམག་རྒྱང་སྐྱོད་སྐབས་ཀྱི་ཟུང་ཆུ་རྩྭ་ཐང་དུ་རྒྱལ་ཡོངས་ཀྱི་ཤུགས་འགྲེམས་མེ་འཁོར་གྱི་ལྕགས་ལམ་དྲ་རྒྱ་དང་སྦྲེལ་མཐུད་བྱས་ནས། སི་ཁྲོན་ནུབ་བྱང་མཐོ་སྒང་ཐག་ཉེ་རུ་བཏང་། ཡུན་ནན་གྱི་འབྲི་ཆུའི་འགྲམ་གྱི་རི་ཀླུང་གི་དབུས་སུ། ཡུན་ནན་དབུས་རྒྱུད་ཀྱི་ཆུ་འདྲེན་བཟོ་སྐྲུན་གྱི་ཕུག་ལམ་རིང་མོ་དང་པོ་སྟེ་རི་བོ་ཞང་ལུའུ་ཕུག་ལམ་གྱི་ཨར་ལས་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད་ལ། ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ63ལྷག་ཡོད་ཅིང་། ཨར་ལས་བྱེད་པར་དཀའ་ངལ་ཆེན་པོ་ཡོད།
དུས་རབས་གསར་པའི་རྒྱང་སྐྱོད་ནི་ཚན་རྩལ་རང་ཚུགས་རང་འབད་དང་བཅོས་སྒྱུར་འཕེལ་རྒྱས་ཀྱི་གནམ་ས་གསར་པ་བསྐྲུན་པའི་གསར་འབྱེད་ཀྱི་ལམ་བུ་ཞིག་དེ་བས་ཀྱང་ཡིན།
ཀན་སུའུ་ཆིང་དབྱང་གི“ཤར་གྲངས་ནུབ་རྩིས”ཐོན་ལས་གླིང་དུ། རབས་གསར་པའི་རིག་རྩིས་ལྟེ་གནས་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། འདི་རྒྱལ་ཡོངས་ཀྱི་རྩིས་ཤུགས་ལྟེ་གནས་ཆེན་པོ་བརྒྱད་ཀྱི་ལྟེ་བའི་ལྷུ་ཚིགས་ཁྲོད་རྩིས་ཤུགས་ཀྱི་མྱུར་ཚད་ཆེས་མགྱོགས་ཤོས་དང་འཕར་ཚད་ཆེ་ཤོས། རིག་རྩིས་བཟུང་ཚད་མཐོ་ཤོས། བསྡུ་ལེན་བྱེད་ཚད་མང་ཤོས་བཅས་ཀྱི་ཚད་ཤིང་སྡེ་ཚོགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། མཚོ་སྔོན་གུང་ཧོ་རུ། རང་རྒྱལ་གྱི་ལྕགས་སྒྲོན་གསུམ་གྱི་འོད་དྲོད་རྟེན་གཞི་ཐོག་མ་དེ་ཟླ་འདིའི་ནང་གློག་དྲ་སྦྲེལ་ནས་གློག་གཏོང་ཐུབ་ཡོད་ཅིང་། འོད་ཤུགས་གློག་འདོན་དང་འོད་དྲོད་གསོག་ནུས། གློག་དྲོད་བརྗེ་སྒྱུར་བཅས་གཞི་གཅིག་ཏུ་འདུས་པའི་སྟོང་ཝ་ས་ཡ་རིམ་པའི་ནུས་ཁུངས་གཙང་མའི་བཟོ་སྐྲུན་དེའི་ལོ་རེའི་ཆ་སྙོམས་ཀྱི་དྲ་ཞུགས་གློག་ཚད་དུས་ཚོད་རེར་སྟོང་ཝ་ཐེར་འབུམ་གཉིས་དུང་ཕྱུར་ལྔ་བྱེ་བ་གསུམ་ལ་སླེབས་ཡོད། ཨན་ཧུའེ་ཧི་ཧྥེ་ཚན་རིག་གླིང་ཕྲན་དུ། “མིས་བཟོས་ཉི་མ”ཞེས་གྲགས་པའི་ཐུའོ་ཁ་མ་ཁེ་ཉིང་རྡུལ་འདུས་འགྱུར་ཚོད་ལྟའི་སྒྲིག་ཆས་ལ་མ་ལག་རང་བཞིན་གྱི་ཞིབ་བཤེར་བཟོ་བཅོས་རིམ་སྤོར་བྱེད་བཞིན་ཡོད་པ་དང་མི་འགྱངས་པར་རེས་འཁོར་གསར་པའི་ཚོད་ལྟ་བྱེད་རྒྱུ་རེད།
འཐབ་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན་ལ། རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཡུལ་དུས་ལས་བརྒལ་ཏེ་གཅིག་རྒྱུད་གཅིག་འཛིན་བྱས་ན། ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་པོས་ཤུགས་སྐྱེད་སྟོབས་སྤེལ་དང་སྙིང་སྟོབས་ཆེར་སྐྱེད་བྱེད་པར་སྐུལ་མ་ཐེབས་ངེས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་རླབས་ཆེན་རྒྱུན་ཆད་མེད་པར་གོང་དུ་སྤེལ་ངེས།