ཟླ10པའི་ཚེས22ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀྲུང་ཨུའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་སོ་གཅིག་པ་མཇུག་སྒྲིལ་རྗེས། ཆེད་བཏང་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིང་དུ་འབྱོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་པའི་ཝུའུ་ཀྲེང་ལུང་སོགས་ཕེབས་རོགས་མི་སྣའང་གནམ་གྲུ་གཅིག་ལ་བསྡད་དེ་འབྱོར། ཧྲེང་པི་ཏེ་པའོ་དང་ཁ་འབྲལ་སྐབས། ཨུ་རུ་སུ་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་ཨུ་རུ་སུར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཧན་ཧུའེ་སོགས་ཀྱིས་གནམ་ཐང་ནས་སྐྱེལ་མ་བྱས།