ལི་ཆང་གིས་ཨུ་རུ་སུའི་སྲིད་འཛིན་དང་མཇལ་འཕྲད་གནང་།
ཁུངས། ཀློག་གྲངས།

     ཟླ10པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྲེང་པི་ཏེ་པའོ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་གནང་།

ས་གནས་ཀྱི་དུས་ཚོད་ཟླ10པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྲེང་པི་ཏེ་པའོ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་གནང་།

ལི་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྲིད་འཛིན་ཕུའུ་ཅིན་ཐད་ཀྱི་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྒྲོག་གནང་བ་དང་། ལི་ཆང་གིས་ད་ལོའི་ཚུན་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཞལ་འཛོམས་ཐེངས་གཉིས་གནང་ནས་ཀྲུང་ཨུའི་འབྲེལ་བ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་སྔར་བས་འཆར་འགོད་གནང་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ནུས་ཁུངས་དང་དཔལ་འབྱོར་ཚོང་དོན། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་མཉམ་དུ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཕྱོགས་མང་སྟེགས་བུའི་གཞོགས་འདེགས་དམ་ཟབ་བྱས་ཏེ་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་དང་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱེད་འདོད་ཡོད་པ་བསྟན།

ཕུའུ་ཅིན་གྱིས་ལི་ཆང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ཐད་ཀྱི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞུས་ཤིང་། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས། ཕུའུ་ཅིན་གྱིས་ཀྲུང་གོ་ནི་སྔོན་ཆད་དང་། ད་ལྟ། མ་འོངས་བཅས་སུ་ཨུ་རུ་སུ་ཕྱོགས་ཀྱི་གྲོགས་པོ་བཟང་བོ་དང་བློས་ཐུབ་ཀྱི་རོགས་ཟླ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོས་ད་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་གཙོ་གཉེར་བྱས་པར་རྒྱབ་སྐྱོར་བྱེད་འདོད་ཡོད་པ་བསྟན།

ཝུའུ་ཀྲེང་ལུང་མཇལ་འཕྲད་ལ་ཞུགས།