
ལོ་རྒྱུས་བློ་ལ་བརྟན་པོར་ངེས་ན་གཞི་ནས་མ་འོངས་པ་གཏོད་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་འཐབ་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་དང་། ཏང་དང་མི་དམངས་ཀྱི་རྒྱང་སྐྱོད་གསར་པ་ཞིག་ཡིན་པའི་འབོད་སྐུལ་གནང་། དེང་བལྟ་སྔོན་དྲན་དང་མ་འོངས་རྒྱང་ལྟ་བྱས་ཏེ། ང་ཚོས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྡོག་རྩ་གཅིག་སྒྲིལ་གྱིས་འཐབ་ལམ་གསར་པར་ཡག་པོར་བསྐྱོད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཧྭའི་བུ་དང་བུ་མོ་དུང་ཕྱུར་མང་པོས་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱི་འཐབ་ལམ་གསར་པར་བསྐྱོད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་སྟོབས་ཤུགས་ཡོད་རྒུས་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་གཏོད་རྒྱུའི་བསམ་པ་བསྟན།
རྗེས་དྲན་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ངོ90ལྷག་གི་ཡར་སྔོན་དུ། ང་ཚོའི་ཏང་གིས་དམར་དམག་གི་སྣེ་ཁྲིད་དེ་རྒྱང་སྐྱོད་བྱས་པའི་རླབས་ཆེན་གྱི་ལོ་རྒྱུས་བཞུད་ལམ་ལ་ཕྱིར་དྲན་ཟབ་མོ་གནང་། སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། དམར་དམག་རྒྱང་སྐྱོད་ཀྱི་གནམ་ས་གཡོ་བའི་གསར་བརྗེའི་བྱ་སྤྱོད་རླབས་ཆེན་འདི་ལ་ང་ཚོའི་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལོ་རྒྱུས་སྟེང་རླབས་ཆེན་གྱི་དོན་སྙིང་ལྡན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཉན་ནས། དགུང་ལོ108ལ་སླེབས་པའི་དམར་དམག་འཐབ་མོ་བ་རྒན་པ་ཏུའུ་གོ་པང་སེམས་འགུལ་ཚད་མེད་ཐེབས།
དམར་དམག་འཐབ་མོ་བ་རྒན་པ་ཏུའུ་གོ་པང་གིས་བཤད་རྒྱུར། གངས་རིའི་སར་ཐོན་དུས་ཧ་ཅང་དཀའ་ཁག་ཆེ། ཉིན་གང་བོར་ཅང་ལའང་འགོ་མི་ཐུབ། ཁྱོས་ང་འཐེན་ངས་ཁྱོད་འཐེན་ཏེ་སོང་བ་ཡིན། མཚམས་ལ་ལར(ཐག་པས་ཕན་ཚུན)བསྡམས་ནས་སོང་། ལམ་དུ་དཀའ་ཁག་ཧ་ཅང་ཆེ། གུང་ཁྲན་ཏང་གི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེ་བས། ད་གཟོད་དམག་འཁྲུག་ལ་རྒྱལ་ཁ་བླངས་པ་རེད། ད་ལྟའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་ལ། ང་ཚོའི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོད་པས། འཚོ་བ་ཇེ་ཕྱུག་ནས་ཇེ་སྐྱིད་དང་སྟོབས་འབྱོར་ལྡན་ངེས། ཁྱོད་ཀྱིས་བལྟས་དང་ད་ལྟའི་ཀྲུང་གོ་དངོས་ནས་སྟོབས་འབྱོར་ལྡན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དམར་དམག་རྒྱང་སྐྱོད་ཀྱི་རྒྱལ་ཁ་རླབས་པོ་ཆེའི་བཞུད་ལམ་ནི། ཏང་གི་ཡང་དག་པའི་འགོ་ཁྲིད་ལ་བརྟེན་ནས་བྱུང་བ་དང་། བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་བྱུང་ལ། རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་ལ་བརྟེན་ནས་བྱུང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་ནང་ཚུད་པའི་ཏང་དང་མི་དམངས་དམག་དཔུང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་པའི་རྒྱལ་ཁའི་ཐབས་ལམ་གསལ་སྟོན་བྱས་ཡོད་པ་དང་། རྒྱལ་ཁའི་ཐབས་ལམ་བཞི་པོ་འདི་ནི་བསམ་པའི་སྒུལ་ཤུགས་ཡིན་ལ། བྱ་སྤྱོད་ཀྱི་གཞི་འཛིན་སའང་ཡིན། འདི་རྒྱང་སྐྱོད་ལ་གཏོགས་པ་མ་ཟད། དུས་དང་བར་སྟོང་བརྒལ་བའི་བློ་སྒོ་འབྱེད་པའི་དོན་སྙིང་དེ་བས་ཀྱང་ལྡན།
དམར་དམག་གི་རྗེས་རབས་པ་ཅང་ཞི་ཞིང་ཆེན་ཞིན་གོ་རྫོང་ཧྥུའུ་ཞིན་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིའུ་ཞའོ་ཧུའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ད་དུང“དམར་དམག་ཐེངས་བཅུར་སྐྱེལ་བའི”བློས་གཏོང་མ་ཐུབ་པའི་ལོ་རྒྱུས་དང་ཡུས་ཏུའུ་མཚན་སྒྲོལ་གྱི་འགོག་སྲུང་གླེང་། དམར་དམག་གི་སེམས་སུ་མང་ཚོགས་ཡོད་པས། མང་ཚོགས་ཀྱིས་ད་གཟོད་དམར་དམག་གཉེན་ཉེར་བརྩིས་པ་རེད། སྡེ་ཁུལ་གྱི་ལས་དོན་པ་ཞིག་དང་། ལྷག་པར་ཏུ་དམར་དམག་གི་རྗེས་རབས་པ་ཞིག་ཡིན་པའི་ཆ་ནས། ངས་བརྩེ་བ་འདི་མུ་མཐུད་དུ་བརྒྱུད་སྤྲོད་བྱས་ཏེ། མང་ཚོགས་དང་འོ་ཆུ་འདྲེས་པ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ཉེ་འགྲམ་གྱི་བྱ་བ་རེ་རེ་བཞིན་ལེགས་པོར་བསྒྲུབ་རྒྱུ་ཡིན།
ཀྲུང་གོའི་ཡན་ཨན་ལས་བྱེད་སློབ་གླིང་གི་སློབ་ཁྲིད་ཚན་ཞིབ་པུའུ་ཡི་ཏང་གི་ལོ་རྒྱུས་སློབ་དཔྱོད་ཁང་གི་དགེ་རྒན་ཆེན་མོ་གཞོན་པ་ཀུའུ་ཧྲའོ་ཅེ་ཡིས་བཤད་རྒྱུར། རྒྱང་སྐྱོད་ལ་ཉེན་ཁ་ཆེས་ཆེ་བའི་གནད་འགག་གི་སྐབས་སུ། ཏང་གི་ཡང་དག་པའི་འགོ་ཁྲིད་དང་བློ་མཐུན་མའོ་ཙེ་ཏུང་གི་སྲོག་ཤིང་གོ་གནས་གཏན་འཁེལ་བྱས་པས། ད་གཟོད་ཉེན་ཁ་ལས་ཐར་ཏེ་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པ་རེད། ལོ་རྒྱུས་ཀྱི་ཉམས་མྱོང་ལས་ང་ཚོས། རླུང་འཚབ་དྲག་པོའི་གནད་འགག་གི་དུས་སུ། སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་དང་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་སློབ་སྟོན་ཡོད་ན། ང་ཚོ་དཀའ་ཁག་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པ་ཤེས་ཐུབ། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་ཡག་པོར་བསྐྱོད་དེ། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ། འཐབ་ལམ་གསར་པའི་སྟེང་རྒྱལ་ཁ་གསར་པ་ལེན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས།
རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱིས་ལྷག་བསམ་རྣམ་དག་གི་སྟོབས་ཤུགས་དང་། བདེན་དོན་གྱི་སྟོབས་ཤུགས། དྲང་བདེན་གྱི་སྟོབས་ཤུགས། མཐུན་སྒྲིལ་གྱི་སྟོབས་ཤུགས་བཅས་ལེགས་པར་མངོན་ཡོད། དུས་དང་བར་སྟོང་ལས་བརྒལ་ཏེ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྔར་བཞིན་གསོན་ཤུགས་ལྡན། ཀུའེ་ཀྲོའུ་ཡི་གྲོང་གསེབ་དར་སྤེལ་གྱི་ཡུལ་དངོས་དང་ཅི་ལིན་གྱི་བ་ཚྭ་ཅན་གྱི་ཆུ་འབྲས་ལ་ལོ་ལེགས་བྱུང་བའི་ཡུལ་དངོས། ནང་སོག་གི་རྩིས་ཤུགས་ལྟེ་གནས་ཀྱི་འཛུགས་སྐྲུན་བྱ་ཡུལ། ཅང་སུའུ་ཡི་རབས་གསར་པའི་འཕྲིན་གཏོང་ལག་རྩལ་འགག་སྒྲོལ་གྱི་ཚོད་ལྟ་ཁང་སོགས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ལས་རིགས་སོ་སོའི་མི་རྣམས་ལ་སྐུལ་ལྕག་ཐེབས་ཡོད། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བར། ཀྲུང་གོ་བ་ཚང་མ་མི་སྣ་གཙོ་བོ་ཡིན།
ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་ནན་ཀྲོའུ་ཀྲེན་ཧྥུང་རྫོང་ཧྭ་ཅང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཕན་ཀྲུང་ཞང་གིས་བཤད་རྒྱུར། སྐབས་དེ་དུས་དམར་དམག་པེ་ཕན་གཙང་པོའི་འགྲམ་གྱི་ཧྭ་ཅང་གྲོག་རོང་ཆེན་མོར་སྐྱོད་སྐབས་འགྲམ་གཉིས་ཀྱི་བྲག་རི་གཡང་གཟར་ཆེ་ཞིང་གྲོང་ངེར་འགྱིང་ཡོད། ད་ལྟ་མེ་ཏོག་གཙང་པོའི་གྲོག་རོང་གི་ཟམ་ཆེན་མཁའ་དབྱིངས་སུ་འཕུར་བཞིན་ཡོད། གྲོག་རོང་ལས་སྒྲོལ་བར་སྐར་མ་གཉིས་ཙམ་ལས་མི་དགོས་པས་ང་ཚོའི་གྲོང་ཚོའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྦྱིན་ཡོད། འདི་ལོའི་ཚུན་དུ་གྲོང་ཚོའི་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ས་ཡ་ལྔ་ལས་བརྒལ་ཡོད། ང་ཚོས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཕྱོགས་དང་པོར་རྐང་པ་བཙུགས། ཟམ་ཆེན་གྱི་ས་བབ་ལེགས་ཆ་དང་ཡུལ་དེ་གའི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་འཕེལ་རྒྱས་འགྲོ་ཚུལ་སྔར་བས་ལེགས་པ་དང་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད།
ཅི་ལིན་ཞིང་ཆེན་ཏ་ཨན་གྲོང་ཁྱེར་གྱི་བ་ཚྭ་ཅན་གྱི་ས་ཞིང་ལེགས་བཅོས་ལག་རྩལ་གྱི་འགན་འཁུར་བ་ཏུང་ཡའོ་ཏུང་གིས་བཤད་རྒྱུར། འདི་ལོ་ང་ཚོའི་ཆུ་འབྲས་སྔོན་དཔག་བྱས་ན་མུའུ་རེའི་ཐོན་ཚད་སྤྱི་རྒྱ550ཡན་ཟིན་ནས་ཟིན་ཐོ་གསར་པ་གཏོད་རྒྱུ་རེད། ང་ཚོའི་ངོས་ནས་བཤད་ན་བུལ་ཏོག་བཅོས་རྒྱུ་ནི་ང་ཚོའི་ཞིང་ལས་པའི་རྒྱང་སྐྱོད་གསར་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཁ་རླབས་པོ་ཆེ་ནི་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་ཐོབ་པ་ཡིན། རྗེས་མར་ང་ཚོས་མུ་མཐུད་དུ་བ་ཚྭ་ཅན་གྱི་ས་ཞིང་བཅོས་སྐྱོང་བྱེད་དགོས། ཡུག་གཅིག་ཏུ་འབྲེལ་བའི་བ་ཚྭ་དང་ཐང་རྒོད་སྔར་ལས་མང་བར་དཔུང་འཇུག་བྱས་ཏེ། སྐྱེ་རྒྱུ་མེད་པའི་ས་ཆ་སྔར་ལས་མང་བ་ཐོན་འབབ་ལེགས་པའི་ས་ཞིང་དུ་འགྱུར་བར་བྱ་དགོས།
ནང་སོག་དང་ལིན་ཀེར་ཁུལ་གསར་ཏང་དང་མང་ཚོགས་ལས་དོན་པུའི་པུའུ་ཀྲང་གཞོན་པ་སུའུ་ཡུང་ཁྲུན་གྱིས་བཤད་རྒྱུར། ཧོ་ལིན་ཀེར་ཁུལ་གསར་ནི་རྒྱལ་ཁབ་ཀྱི“ཤར་རྩིས་ནུབ་བརྩི”ཡི་འདུ་འགོད་ཀྱི་འགག་རྩའི་ལྷུ་ཚིགས་གལ་ཆེན་ཞིག་རེད། ང་ཚོའི་རྒྱང་སྐྱོད་ལམ་བུ་གསར་པ་ནི་རྩིས་རྒྱག་གི་འཐབ་སར་གཞི་ཚུགས་པ་དང་ལྗང་མདོག་གི་རྩིས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། ཞབས་ཞུའི་གྲངས་གཞིའི་ཀྲུང་གོའི་འཛུགས་སྐྲུན། སྤྱི་ཁྱབ་ཧྲུའུ་ཅིས་དགོངས་དོན་གནས་ས། སྟོབས་ཤུགས་གནས་ས་རུ་ང་ཚོས་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་རྒྱག་མཐོ་ས་འཛུགས་སྐྲུན་བྱེད་པའི་དངོས་སྒྲུབ་བྱ་སྤྱོད་དུ་བསྒྱུར་ནས། “ལོ་ལྔའི་འཆར་གཞི་བཅོ་ལྔ”ཡི་དུས་མཇུག་ཏུ་སླེབས་དུས། རྩིས་ནུས་གཞི་ཁྱོན་ས་ཡ་ལྔ་ཡན་ཟིན་ནས་རྩིས་ནུས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས།
ཙི་ཅིན་ཧྲན་ཚོད་ལྟ་ཁང་གི6Gའགག་སྒྲོལ་ཚོགས་པའི་ཁོངས་མི་ཧོང་ཡུང་མིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ང་ཚོས་ཚན་རྩལ་གྱི་རང་ཚུགས་རང་འབད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་རྒྱུའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད། གོམ་སྟབས་རྗེས་མར་ང་ཚོས་མི་རབས་གསར་པའི་འཕྲིན་གཏོང་ལག་རྩལ་རྒྱུན་མཐུད་ངང་འགག་སྒྲོལ་བྱ་རྒྱུ་རེད། འགག་རྩའི་ལྟེ་བའི་ལག་རྩལ་གྱི“ལོའུ་ཧྲན་ཀོན”དང“ལ་ཙེ་ཁོའུ”གཏོར་བ་དང་། སྒུལ་བདེའི་འཕྲིན་གཏོང་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ནས། རྒྱང་ལྟའི་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་བྱེད་པ་དང་། 6Gལག་རྩལ་དང་བཀོལ་སྤྱོད་རྣམ་པ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱབ་ཁོངས་མང་པོ་དོན་འཁྱོལ་གང་མགྱོགས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་བསྐྱོད་རྒྱུའི་ཐད“ངེས་པར་དུ་བྱེད་དགོས་པ་ལྔ”ཡི་བླང་བྱ་ཁ་གསལ་བཏོན་གནང་བ་རེད། ཚང་མས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་དགོས།
ཕིང་ལུའུ་མིས་བཟོས་གཙང་པོ་ཚོགས་པའི་ཀོང་ཤིས་ཕིང་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་བཟོ་བཀོད་པ་ཀྲང་ཆན་གྱིས་བཤད་རྒྱུར། ཕིང་ལུའུ་མིས་བཟོས་གཙང་པོ་ཤར་གཏོང་ཐུབ་ནས་ཟླ་བ་འདིའི་རིང་། ཀོང་ཤིས་དང་ཡུན་ནན་སོགས་ས་ཁུལ་གྱི་ལྕགས་ཀྱི་གཏེར་རྡོ་དང་རླངས་འཁོར་གྱི་ལྷུ་ལག་སོགས་ཐོན་རྫས་དག་ལྕགས་ཆུ་བརྒྱུད་སྦྲེལ་མཐུད་སྐྱེལ་འདྲེན་བྱས་པ་བརྒྱུད་སྐམ་ས་དང་སྐམ་ས་བརྒྱུད་ཧོ་ནན་དུ་སྐྱེལ་འདྲེན་བྱས་པ་དང་། རྒྱ་གར་དང་། ཀི་ནེ་ཡ། ལོ་ཝོ་སོགས་རྒྱལ་ཁབ་ཀྱི་རྡོ་སོལ་དང་ཧ་ཡང་གཏེར་ཁ་སོགས་ཐོན་རྫས་ཕིང་སྐམ་སའི་སྐྱེལ་འདྲེན་ཧོ་པེ་ནས་ཡིན་པ་རེད། མི་རབས་གཅིག་ལ་མི་རབས་གཅིག་གི་རྒྱང་སྐྱོད། ང་ཚོའི་མི་རབས་འདིའི་ལས་འགན། “མིས་བཟོས་གཙང་པོ་དང་། གྲུ་ཁ། ཐོན་ལས་བཅས་ཟུང་དུ་འབྲེལ་བའི”མཉམ་འགུལ་བྱེད་སྟངས་ཏན་ཏིག་ངང་བསྒྲུབས་ཏེ་ཆུ་ལམ་ཡག་ཤོས་དེ་ཚ་བ་དང་། གསོན་པོ། ཕན་འབྲས་བཅས་དངོས་འབྲེལ་ཐོན་པ་བྱ་རྒྱུ་དེ་རེད།
ཏ་ལེན་གནམ་ཐང་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའི་རྒྱུན་ལས་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཀུའུ་ཀྲའོ་ཅུན་གྱིས་བཤད་རྒྱུར། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་གལ་ཆེན་ལ་ང་ཚོས་བྲེལ་བརྩོན་ཆེན་པོས་ངར་ལྕགས་གྲུབ་ཆའི་དཔྱང་འཇུག་འཕྲུལ་གློག་ལེ་ལག་ཚང་སྒྲིག་དང་དེ་བཞིན་གཏིང་རིང་ས་རྨང་ཐག་གཅོད་སོགས་ཀྱི་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་སྐུལ་འདེད་གཏོང་བ་ནི་ང་ཚོས་དཀའ་ངལ་ལས་རྣམ་པར་རྒྱལ་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་རྩ་ཆེའི་རྒྱུ་ནོར་དང་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པ་དང་ང་ཚོས་སྤུས་ཚད་མཐོ་བའི་སྒོ་ནས་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་ལས་གྲྭའི་གྲུབ་འབྲས་དངོས་ལ་བརྟེན་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་ཡག་པོར་བསྐྱོད་རྒྱུའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་རྒྱུ་ཡིན།