ཀྲའོ་ལེ་ཅི་ཡིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་གྲོས་མོལ་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས2ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐེ་ཝུའེ་ཡན་ཁོ་དང་གྲོས་མོལ་གནང་།

ཀྲའོ་ལེ་ཅི་ཡིས་གསུང་རྒྱུར། ད་ལོའི་ཟླ5པ་དང8པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་རྣམ་གཉིས་ཀྱིས་མཇལ་འཕྲད་ཐེངས་གཉིས་ལ་གནང་ཞིང་། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྔར་ལས་གྲུབ་འབྲས་ལྡན་པ་དང་སྔར་ལས་འཕེལ་རྒྱས་མགྱོགས་པའི་དུས་རིམ་གསར་པར་སླེབས་པར་སྣེ་ཁྲིད་མཛད།  ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སུའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བའཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དེ་རྩ་བའི་གཞི་འཛིན་སར་བྱས་ཏེ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

ཀྲའོ་ལེ་ཅི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ30འཁོར་བ་དང《ཀྲུང་ཨུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ25འཁོར་བའི་ལོ་རེད། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་དངུལ་གཏོང་དང་ནུས་ཁུངས་ཐོན་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མི་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་མདུན་གྲལ་ཁྱབ་ཁོངས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། “ཀྲུང་ཨུའི་སློབ་གསོའི་ལོ”ཞེས་པ་ཐུན་མོང་གིས་ཡག་པོ་སྒྲུབ་དགོས་ལ། རིག་གནས་དང་ན་གཞོན་སོགས་ཀྱི་སྤེལ་རེས་ཐད་ལ་ཤུགས་སྣོན་བརྒྱབ་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། འཐབ་ཇུས་རོགས་ལས་སྲ་བརྟན་དུ་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་འཛམ་གླིང་ཧྲིལ་པོ་དཔལ་འབྱོར་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་ཞབས་འདེགས་དེ་བས་ལེགས་པོ་ཞུ་བ་དང་ཁྲིམས་འཛུགས་ལས་ཁུངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ལ། ཐུན་མོང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་དགོས། མི་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་ལ་དམིགས་ནས་ཁྲིམས་འཛུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། ཀྲའོ་ལེ་ཅི་ཡིས་ད་དུང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་།

མ་ཐེ་ཝེ་ཡན་ཁོ་ཡིས་བསྟན་དོན། སྲིད་འཛིན་ཕུའུ་ཅིན་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་སྣེ་ཁྲིད་འོག་ཨུ་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་རིག་གནས་དང་སློབ་གསོ་སྤེལ་རེས་ཇེ་ཟབ་ཏུ་གཏོང་དགོས། ལོ་རྒྱུས་ཀྱི་ལྟ་བ་ཡང་དག་དར་སྤེལ་བཏང་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། 

ཉིན་དེར། ཀྲའོ་ལེ་ཅི་དང་མ་ཐེ་ཝུའེ་ཡན་ཁོ་ཡིས་ཀྲུང་གོའི་མཛེས་རྩལ་ཁང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་གསུང་རབ་བརྩམས་ཆོས་བཤམས་སྟོན”དང“ཉི་ཀུའུ་ལ·ཧྥེ་ཤིན་རི་མོའི་སྤུས་དག་འགྲེམས་སྟོན”ལ་གཟིགས་ཞིབ་གནང་། 

ཕེང་ཆིང་ཧྭ་གོང་གསལ་གྱི་བྱེད་སྒོར་ཞུགས།  

赵乐际同俄罗斯联邦委员会主席会谈

全国人大常委会委员长赵乐际2日在北京人民大会堂同俄罗斯联邦委员会主席马特维延科举行会谈。

赵乐际表示,今年5月和8月,习近平主席和普京总统两次会晤,引领中俄关系进入更有作为、更快发展的新阶段。中方愿同俄方一道,以两国元首重要共识为根本遵循,加强战略沟通,拓展互利合作,推动中俄新时代全面战略协作伙伴关系走深走实。

赵乐际指出,今年是中俄战略协作伙伴关系建立30周年和《中俄睦邻友好合作条约》签署25周年。双方要深化经贸投资、能源资源等重点领域合作,培育人工智能、数字经济等前沿领域发展新动能。共同办好“中俄教育年”,加强文化、青年等方面交流,促进民心相通。巩固战略协作,推进平等有序的世界多极化、普惠包容的经济全球化。

赵乐际强调,中俄立法机构要更好服务中俄关系发展大局,深化立法机构交流合作,共同提高依法履职能力水平,围绕人工智能、数字经济等加强立法经验交流,为两国务实合作提供法律支持和保障。赵乐际还介绍了中共二十届五中全会有关情况。

马特维延科表示,在普京总统和习近平主席战略引领下,俄中睦邻友好合作不断深化。热烈祝贺中共二十届五中全会胜利召开。俄罗斯联邦委员会愿同中国全国人大加强交流,促进两国务实合作,增进文化、教育交流。共同弘扬正确历史观,促进世界和平与发展。

当日,赵乐际与马特维延科在中国美术馆参观了“馆藏经典作品陈列”和“尼古拉·费欣绘画精品展”。

彭清华参加上述活动。