ཝང་ཧུའུ་ཉིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས2ཉིན་པེ་ཅིང་དུ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུ་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དེ་རྩ་བའི་གཞི་འཛིན་ས་བྱས་ནས། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨུ་རུ་སུའི་ཕྱོགས་དང་མཉམ་དུ་བསམ་བློ་བརྗེ་རེས་དཔེ་ལྟ་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་རྒྱུར་བྱས་རྗེས་འཇོག་འདོད་ཡོད།

མཱ་ཐི་ཝེ་ཡན་ཁི་ཡིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་ཚོགས་པར་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་དགོངས་འཆར་སྣེ་ཁྲིད་འོག ཨུ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་མཉམ་དུ་བསམ་བློ་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་སྐུལ་སྤེལ་གཏོང་འདོད་ཡོད་ཟེར།

ཕིན་ཆིན་ཧྭ་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས། 

王沪宁会见俄罗斯联邦委员会主席

全国政协主席王沪宁2日在京会见俄罗斯联邦委员会主席马特维延科。

王沪宁表示,在习近平主席和普京总统的战略引领下,中俄关系稳步向前发展。中方愿同俄方一道,以两国元首重要共识为根本遵循,保持战略定力,深化务实合作,推动中俄新时代全面战略协作伙伴关系迈向更高水平。中国全国政协愿同俄方加强交流互鉴,为促进两国关系发展作出贡献。

马特维延科热烈祝贺中共二十届五中全会胜利召开,表示在两国元首的擘画引领下,俄中关系不断向前发展。俄罗斯联邦委员会愿加强同中国全国政协的交流,促进两国多领域合作。

彭清华、王东峰等参加会见。