
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས2ཉིན་པེ་ཅིང་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཇུས་འཐབ་ཇུས་པུའུ་ཡི་པུའུ་ཀྲང་རོན་ཆིན་དབྱི་ཡིས་སྣེ་ཁྲིད་པའི་ཡོ་ནན་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་མཉམ་དུ་འབྲེལ་འདྲིས་དམ་ཟབ་མཐའ་འཁྱོངས་གནང་ནས། ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་བརྒྱའི་འགྱུར་ལྡོག་འོག་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་པ་དང་། སྔར་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་གནང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མུ་མཐུད་དུ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་དོན་སྙིང་ལྡན་པའི་ཀྲུང་ཝེ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད། ཝང་ཧུའུ་ཉིང་གིས་ད་དུང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གནས་ཚུལ་གཙོ་བོ་ངོ་སྤྲོད་གནང་།
རོན་ཆིན་དབྱི་ཡིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། ཡོ་ནན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བ་དེ་འཐབ་ཇུས་ཀྱི་གདམ་ག་དང་པོར་བརྩིས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་འདོད་པ་མ་ཟད། ཏང་བར་གྱི་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད།
ཝང་ཡུང་སོགས་མཇལ་འཕྲད་ལ་ཞུགས།
王沪宁会见越南共产党代表团
中共中央政治局常委、全国政协主席王沪宁2日在京会见由越共中央政治局委员、中央书记处书记、中央政策战略部部长阮青毅率领的越南共产党代表团。
王沪宁表示,习近平总书记同苏林总书记保持密切沟通,引领中越两党两国关系在百年变局下稳步前行、更上层楼。中方愿同越方一道,继续落实好两党两国最高领导人重要共识,深化双方治党治国经验交流互鉴,推动构建更高水平具有战略意义的中越命运共同体。中国全国政协愿为此作出积极贡献。王沪宁还介绍了中共二十届五中全会主要情况。
阮青毅热烈祝贺中共二十届五中全会胜利召开,表示越方始终视对华关系为战略选择和头等优先,愿同中方共同落实两党两国最高领导人共识,加强党际交往。
王勇等参加会见。